དབུ་ཤོག >> ས་གནས་གསར་འགྱུར།
ས་གནས་ཡུལ་ཐོན་ཁྱད་རྫས་ལ་འཛད་སྤྱོད་པས་དགའ་བསུ་ཐོབ་པ།
རྩོམ་པ་པོ། ཚེ་རིང་དོན་འགྲུབ། དུས་ཚོད། 2018-10-04 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་སླེབས་པ་དང་བསྟུན་ནས་སེམས་ཀྱི་ཉི་ཟླའི་ག་ས་གང་དུ་འདུ་འཛི་ཆེ་ཞིང་དགའ་སྤྲོའི་རྣམ་པས་ཡོངས་སུ་བཀང་འདུག  གསེར་ཟམ་ཚོང་རའི་ཉེ་འདབས་སུ་རང་ཡུལ་ནས་ཐོན་པའི་ཤ་མོ་དང་།  རྒུན་འབྲུམ། ཀུ་ཤུ།  མར་རྩམ།  ཤ་སྐམ།  མ་རྨོས་ལོ་ཏོག   ཞོག་ཁོག    སྦྲང་རྩི་སོགས་ཚོང་ཟོག་སྣ་མང་བཙོང་རྒྱུ་ཡོད་པས།  ས་གནས་རང་གི་མང་ཚོགས་དང་ཡུལ་སྐོར་བས་དགའ་བསུ་མི་དམན་པ་ཐོབ་ཡོད། 

ས་གནས་ཡུལ་ཐོན་ཁྱད་རྫས་སྣ་ཚོགས།

        མཛེས་སྡུག་ལྡན་པའི་ཡུལ་གྲུ་འདི་རུ་ལྷད་མ་འདྲེས་པའི་ཡུལ་ཐོན་ཁྱད་རྫས་མང་པོ་ཞིག་དུས་དང་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ཕྱི་ལ་ཐོན་གྱི་ཡོད་པས།  འཛད་སྤྱོད་པ་ལ་ཞིམ་མངར་ལྡན་པའི་ཟས་རིགས་ཀྱི་ལོངས་སྤྱོད་ཅིག་སྦྱིན་གྱི་ཡོད་པ་མ་ཟད།  ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཐད་ལ་ཡང་ཡོང་སྒོ་ལྷག་མ་ཞིག་བསྣན་ཡོད་པ་རེད། 

འཛད་སྤྱོད་པས་ཁྱད་རྫས་ཉོ་བཞིན་པ།