རྣམ་འཇོམས་ཚེ་རིང་གི་ཡིག་གཟུགས་བརྩམས་ཆོས་ལ་ཀུན་གྱིས་གདེང་འཇོག་ཐོབ་པ།

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2018-10-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཡིག་མཁན་རྣམ་འཇོམས་ཚེ་རིང་ནི་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་འབའ་བྲོས་སྡེ་བར་སྐྱེས་ཤིང་།  བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ནས་སློབ་གཉེར་བྱས་ཏེ།   ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན། སློབ་གཉེར་གྱི་བར་སྐབས་སུ་དགེ་རྒན་ཆེན་མོ་སངས་རྒྱས་བཀྲ་ཤིས་དང་། དྲུང་ཡིག་ཆེན་མོ་སྨོན་ལམ་རྒྱ་མཚོ་སོགས་ནས་བོད་ཀྱི་ཡིག་གཟུགས་ལ་སྦྱང་བ་མི་དམན་པ་བྱས་ཏེ་བྲིས་གཟུགས་སྣ་ཚོགས་ཀྱི་ཁྲིད་རྒྱུན་ཆ་ཚང་ཐོབ། 

  ཡིག་མཁན་རྣམ་འཇོམས་ཚེ་རིང་གི་ངོ་སྤྲོད།

        ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རིང་།  བདེ་ཆེན་ཁུལ་རིག་གནས་ཁང་དུ་ཁོང་གི་ཡིག་གཟུགས་བརྩམས་ཆོས་ཀྱི་འགྲེམས་སྟོན་བྱེད་སྒོ་བསྡུས་ཡོད་ཅིང་།  ཁོང་གི་གནའ་བོའི་བྲོ་བ་མ་ཉམས་པའི་ཡིག་གཟུགས་སྒྱུ་རྩལ་དང་། སྲོལ་རྒྱུན་རི་མོ་སོགས་ཀྱི་བརྩམས་ཆོས་ལ་གསོན་ཉམས་ལྡན་ཞིང་ཡིད་དབང་འཕྲོག་པའི་ནུས་པ་ཆེ་ཆེར་ལྡན་པས་ཀུན་གྱིས་དགའ་བསུ་དང་གདེང་འཇོག་མི་དམན་པ་གནང་གི་ཡོད།   བྱེད་སྒོ་འདི་ད་དུང་ཡང་བདེ་ཆེན་ཁུལ་རིག་གནས་ཁང་དུ་སྔར་བཞིན་འགྲེམས་སྟོན་བྱས་ཡོད་པས། འདིའི་ཕྱོགས་ལ་སྤྲོ་སྣང་ཡོད་མཁན་ཚོ་རིག་གནས་ཁང་དུ་སོང་ནས་རྒྱུས་ལོན་དང་རོལ་མྱོང་བྱས་ཆོག་པ་རེད།    

རྣམ་འཇོམས་ཚེ་རིང་གི་ཡིག་གཟུགས་བརྩམས་ཆོས།

        རྒྱུས་ལོན་བྱུང་བ་ལྟར་ན།  ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བ་དང་།  རྒྱལ་སྟོན་དུས་ཆེན་ལ་བསུ་མ་བྱེད་པར་བསྡུས་པའི་རྣམ་འཇོམས་ཚེ་རིང་གི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་འདི་ཟླ9པའི་ཚེས11ཉིན་ནས་ཟླ10བའི་8ཉིན་བར་དུ་སྤེལ་རྒྱུ་རེད།

རྣམ་འཇོམས་ཚེ་རིང་གི་ཡིག་གཟུགས་བརྩམས་ཆོས།