དབུ་ཤོག >> སྐབས་དོན་གསར་འགྱུར།
སེམས་ཀྱི་ཉི་ཟླ་ལུང་བཟང་གྲོང་མིས་ཞོག་ཁོག་རྐོ་བཞིན་ཡོད།
རྩོམ་པ་པོ། དུས་ཚོད། 2018-09-28 རྩོམ་ཁུངས།


        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་སྡེ་ལུང་བཟང་གྲོང་མི་ཚོ་ཆུང་གི་གྲོང་མིས་འཕྲུལ་འཁོར་བཀོལ་སྤྱོད་བྱེད་དེ་ཞིང་ནང་གི་ཞོག་ཁོག་བརྐོས་ནས། བུད་མེད་རྣམས་ཀྱིས་སློ་མའི་ནང་དུ་ཞོག་ཁོག་ཡར་བསྡུ་བཞིན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས།  ལུང་བཟང་གྲོང་ཚོའི་གྲོང་མིའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་དེ། ཁང་པ་མཛེས་པོའི་ནང་དུ་ཚོན་ལྡན་བརྙན་འཕྲིན་དང་འཁྱགས་སྒམ། རང་འགུལ་གོས་འཁྲུད་འཕྲུལ་འཁོར་སོགས་ཁྱིམ་སྤྱོད་གློག་ཆས་གང་དགོས་ཅི་དགོས་ཡོད་པ་མ་ཟད། ཐ་ན་ལོ་ཏོག་བརྔ་བསྡུ་བྱེད་དུས་ཚང་མ་འཕྲུལ་ཆས་ཅན་དུ་གྱུར་པས། གྲོང་མིའི་ངལ་རྩོལ་དུས་ཚོད་ཇེ་ཐུང་དུ་བཏང་ཡོད།