སེམས་ཀྱི་ཉི་ཟླར་བཞད་པའི་དགེ་མང་འཇམ་དཔལ་གྱི་སྨྱུག་རྩེའི་པད་འདབ་ཅེས་པའི་ཡིག་གཟུགས་འགྲེམས་སྟོན་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-28   རྩོམ་ཁུངས།   

        ཟླ་9པའི་ཚེས་28ཉིན་གྱི་སྔ་དྲོར།    སེམས་ཀྱི་ཉི་ཟླར་བཞད་པའི་དགེ་མང་འཇམ་དཔལ་གྱི་སྨྱུག་རྩེའི་པད་འདབ་ཅེས་པའི་ཡིག་གཟུགས་འགྲེམས་སྟོན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ། ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། བོད་ལྗོངས་ཨ་ནུའི་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་ཀུང་སི་དང་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་བོད་ཀྱི་ཡིག་གཟུགས་ཞིབ་འཇུག་ལྟེ་གནས་ཀྱིད་འགན་སྒྲུབ་འཁུར་བ། པེ་ཅིན་ཆན་ཁྲན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀོང་སིས་རོགས་སྒྲུབ་བྱས་པ་རེད། ཟླ་9པའི་ཚེས་28ཉིན་ནས་ཟླ་11པའི་ཚེས་28ཉིན་བར་དུ་འགྲེམས་སྟོན་བྱེད་རྒྱུ་རེད།

        དགེ་རྒན་འཇམ་དཔལ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་གྱི་ནང་དོན་གཙོ་བོ་ནི་བོད་ཀྱི་ཡིག་གཟུགས་ལོ་རྒྱུས་ཀྱི་བྱུང་རིམ་ཡིན་ཏེ། ཞང་ཞུང་སྐབས་ཀྱི་ཡིག་གཟུགས་དང་། བཙན་པོའི་སྐབས་ཀྱི་ཡིག་གཟུགས། བསྟན་པ་ཕྱི་དར་སྐབས་ཀྱི་ཡིག་གཟུགས། དགའ་ལྡན་ཕོ་བྲང་སྐབས་ཀྱི་ཡིག་གཟུགས་དང་ཉེ་རབས་ཀྱི་ཡིག་གཟུགས་སོགས་ཡིག་གཟུགས་སྣ་མང་འགྲེམས་ཡོད། ད་སྐབས་ཁོང་གིས་ཡིག་རིགས་མི་འདྲ་བ་ཁག་ཉི་ཤུ་ལྷག་གི་བརྩམས་ཆོས་དྲུག་ཅུ་ལྷག་རྒྱ་ཆེ་བའི་སྤུན་ཟླ་རྣམས་གཙོ་བྱས་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཡོད།  དེའི་ཁྲོད་དུ་ཁོང་གིས་གསར་རྩོམ་གནང་བའི་འཇམ་དཔལ་ཡིག་གསར་གྱི་བརྩམས་ཆོས་ཀྱང་ཡོད་པ་རེད། 

        དགེ་རྒན་འཇམ་དཔལ་གྱིས་ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། རྒྱལ་ཁབ་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྔར་ལས་མཐོང་ཆེན་དང་དོ་སྣང་བྱེད་བཞིན་ཡོད་པ་དང་། བོད་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཧ་ཅང་སྣ་མང་ཕུན་སུམ་ཚོགས་པ་ཡིན་པ་མ་ཟད། ལྷག་པར་དུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཡིག་གཟུགས་ཀྱི་རིགས་ཀྱང་ཤིན་ཏུ་མང་པོ་ཡོད་དེ། ཕལ་ཆེར་རིགས་190ལྷག་ཡོད། དེར་བརྟེན་ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་དང་བསྟུན་ནས་གཅིག་ནི་བདེ་ཆེན་མི་དམངས་ཀུན་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་སྒྱུ་རྩལ་འགྲེམ་པ་དང་། གཉིས་ནི་གཞོན་ནུ་ཚོར་རང་མི་རིགས་ཀྱི་རིག་གནས་ལ་མཐོང་ཆེན་དང་དོ་སྣང་བྱེད་དགོས་པའི་རེ་འབོད་བྱས་པ་དང་།  ལྷག་པར་དུ་བོད་ཀྱི་ཡིག་གཟུགས་རིག་གནས་ལ་སྦྱོང་བ་བྱེད་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རེ་བ་ཆེན་པོ་བཅངས་ཡོད་ཅེས་གསུངས་པ་རེད།