དབུ་ཤོག >> སྐབས་དོན་གསར་འགྱུར།
ཡུལ་ཤུལ་བོད་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་གྲུབ་འབྲས་འགྲེམས་སྟོན་པེ་ཅིང་དུ་འགོ་ཚུགས་པ།
རྩོམ་པ་པོ། དུས་ཚོད། 2018-09-26 རྩོམ་ཁུངས། མི་དམངས་དྲ་བ

        ཟླ་9ཚེས་21ནས་ཚེས་25ཉིན་བར། པེ་ཅིང་ཞིང་ལས་འགྲེམས་སྟོན་ཁང་དུ"ཡུལ་ཤུལ་བོད་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ། 一ཆིང་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་གི་ཟབ་སྦྱོང་འཛིན་གྲྭའི་སློབ་མཇུག་བསྒྲིལ་བའི་གྲུབ་འབྲས་འགྲེམ་སྟོན་ཐེངས་དགུ་པ"གཉེར་བ་རེད།       

        ཐེངས་འདིའི་འགྲེམ་སྟོན་ནི་བོད་རིགས་འཛིན་སྤེལ་བ་འདི་ཚོའི་སློབ་མཇུག་བསྒྲིལ་བའི་འགྲེམས་སྟོན་ཡིན་ཞིང་།འགྲེམས་སྟོན་དེས་"ཡུལ་ཤུལ་བོད་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ"བརྗོད་གཞི་གཙོ་བོར་བྱས་ཡོད་ཅིང་།འཛིན་སྤེལ་བས་དེང་རབས་ཀྱི་བཟོ་བཀོད་ཀྱི་འདུ་ཤེས་དང་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་མཉམ་འདྲེས་བྱས་ནས་གསར་གཏོད་བྱས་པའི་བརྩམས་ཆོས་ལེགས་གྲས་སྟོན་ཡོད།ཐག་རིང་མཚོ་བོད་ས་མཐོ་ནས་ཡོང་བའི་པད་དགས་པེ་ཅིང་དུ་དགེ་རྒན་དང་སློབ་གྲོགས་ཚོ་དང་མཉམ་དུ་རང་གི་གྲུབ་འབྲས་ལ་བདེན་དཔང་བྱས་ཡོད་ལ། པེ་ཅིང་དུ་སློབ་སྦྱོང་བྱེད་རིང་གི་དུས་ལ་ཕྱི་དྲན་བྱས་ནས།ཁོང་མོས་སེམས་གཏིང་ནས་གོ་སྐབས་བཟང་པོ་དང་རྒན་ལགས་རྣམ་པའི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་རེད།