དབུ་ཤོག >> སྐབས་དོན་གསར་འགྱུར།
འབྲུག་བྱམས་ཚེ་རིང་གི་གླུ་སྐད་ལ་ཆེད་མཁས་པའི་གདེང་འཇོག་ཡག་པོ་ཐོབ།
རྩོམ་པ་པོ། དུས་ཚོད། 2018-09-26 རྩོམ་ཁུངས།

        འབྲུག་བྱམས་ཚེ་རིང་ལགས་ནི་ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་གཞོན་སྐྱེས་གླུ་བ་ཞིག་ཡིན་ལ། ད་ལོ་དབྱར་ཁ་ཁོ་རང 2018ལོའི་ཀྲུང་གོའི་གླུ་སྐད་གསར་བ་ཞེས་པ་སྟེ་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་གླུ་གཞས་འགྲན་སྡུར་དུ་ཞུགས་ཡོད་པ་དང་། ད་ལོའི་སྤྱི་ཟླ7པ་ནས་ད་ལྟའི་བར་དུ་འགྲན་སྡུར་ཆེ་མ་ཆུང་གསུམ་བརྒྱུད་དེ་རྒྱལ་ཡོངས་ཀྱི་ཨང་བདུན་པའི་གྲལ་དུ་ཚུད་ཡོད། ཐེངས་སྔོན་མའི་འགྲན་སྡུར་ཏེ་སྤྱི་ཟླ་དགུ་བའི་ཚེས 21ཉིན་གྱི་འགྲན་རིམ་དུ། ཁོའི་འགྲན་ཞུགས་ཀྱི་གླུ་དབྱངས་ལ་ཀྲོའུ་ཅའེ་ལིན་དང་(周杰伦)ཡུའུ་ཁྲིན་ཆིང་དང་(庾澄庆)ལིའི་ཅིན་(李建)སོགས་རྒྱལ་ནང་གི་གླུ་བ་གྲགས་ཅན་ཁག་ཅིག་དང་རོལ་མོ་ཆེད་མཁས་བ་འགས་གདེང་འཇོག་ཚད་མཐོན་པོ་གནང་འདུག