རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-25   རྩོམ་ཁུངས།    མི་དམངས་དྲ་བ།
ཉེ་ཆར་2019ལོའི་ཉིའུ་གཡོད་ཀྱི་དཔྱིད་ཀ་དང་དབྱར་ཁའི་དར་སོའི་གྱོན་ཆས་གཟའ་འཁོར་ལ་བོད་རང་སྐྱོང་ལྗོངས་ལྷ་ས་གངས་ལྗོངས་ལྷ་རྒྱལ་རིག་གནས་གསར་གཏོད་འཕེལ་རྒྱས་ཚད་ཡོད་ཀུང་སིའི་གྱོན་ཆས་སྤུས་རྟགས་རྩེར་སོན་༼གཡག་ནོར་བུ།༽འགྲེམས་སྟོན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ལྷ་ས་གངས་ལྗོངས་ལྷ་རྒྱལ་རིག་གནས་གསར་གཏོད་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སི་དང་པེ་ཅིང་ལན་ཡུས་སྤུས་རྟགས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་2018ལོར་མཉམ་དུ་མ་དངུལ་བཏང་ནས་བཙུགས་པ་ཞིག་རེད། ཀུང་སི་དེས་ས་བབ་མཐོ་ཚད་སྨི་4000ཡན་དུ་འཚོ་སྡོད་བྱེད་པའི་ས་མཐོའི་འབྲི་གཡག་གི་ཁུ་ལུས་རྒྱུ་གཙོ་བོ་བྱེད་པ་དང་མཉམ་ལས་ཕྱོགས་གཉིས་པོའི་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་འགྲིལ་བྱས་ནས་མཉམ་དུ་༼གཡག་ནོར་བུ།༽བོད་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་རྩེར་སོན་བཟོས་པ་རེད།
ཐོན་རྫས་དེར་དེ་བས་ལེགས་པའི་སྒོ་ནས་དེང་རབས་ཀྱི་ཇུས་འགོད་དང་བོད་ཀྱི་ས་མཐོའི་མཛེས་ཆོས་མངོན་ཆེད།ཇུས་འགོད་དགེ་རྒན་ལན་ཡུས་དང་བོད་ནས་སླེབས་པའི་ཚོགས་པས་འཚོལ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད།མཐར་ས་བབ་མཐོ་ཚད་སྨི་4000ཡན་དུ་འཚོ་གནས་བྱེད་མཁན་འབྲི་གཡག་གི་ཁུ་ལུ་བདམས་ནས་སྲོག་ཆགས་ཀྱི་ཚི་སྣ་ལས་སྦགས་བཙོག་ཆུང་ཤོས་ཀྱི་འབྲི་གཡག་གི་ཁུ་ལུ་སྤྱད་ནས་ཚོན་བསྡུས་དང་། ཇུས་འགོད། སྤུས་རྟགས་བཅས་གཞི་གཅིག་ཅན་གྱི་བོད་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་ཀྱི་སྤུས་རྟགས་བཏོད་པ་རེད།2018ལོར་ལན་ཡུས་ཀྱིས་བོད་ལྗོངས་ནས་བྲལ་མྱོང་མེད་པའི་གྲོགས་མོ་ཚོའི་སྣེ་ཁྲིད་དེ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་། འབྲི་གཡག་གི་ཁུ་ལུ་སྤྱོད་པའི་དེང་རབས་ལག་རྩལ། དེང་སྐབས་ཇུས་འགོད་ཀྱི་ཐོན་རྫས་ཉིའུ་གཡོད་དར་སོའི་གྱོན་ཆས་གཟའ་འཁོར་ལ་སྟོན་རྒྱུའི་བློས་ཐག་བཅད་པ་རེད།
༼གཡག་ནོར་བུའི་༽ཐོན་རྫས་ཀྱིས་བོད་ཀྱི་སྤུས་རྟགས་རིག་གནས་ཕྱིར་སྐྱོད་པའི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་བཞིན་ཡོད།དེ་ཡང་ཕྱི་རྒྱལ་དུ་བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་དང་ལྷག་པར་དུ་བོད་ཀྱི་དར་སོ་ཆེ་བའི་འཛད་སྤྱོད་ཐོན་རྫས་ཕྱིར་སྐྱོད་ལ་སྐུལ་འདེད་གཏོང་བའི་ཚོད་ལྟ་ནུས་ལྡན་ཞིག་རེད།