དབུ་ཤོག >> སྐབས་དོན་གསར་འགྱུར།
ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་འདིང་ཟིན་པ།
རྩོམ་པ་པོ། དུས་ཚོད། 2018-09-18 རྩོམ་ཁུངས། མི་དམངས་དྲ་བ།


        ཟླ་9ཚེས་16ཉིན།ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅི་པའི་ཨར་ལས་བཟོ་བསྐྲུན་པས་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུར་ཐེངས་དང་པོར་གསར་སྐྲུན་བྱས་པའི་འབབ་ཚུགས།གོང་དཀར་འབབ་ཚུགས་ལ་གྲུབ་འབྲས་ལྡན་པའི་ངང་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་འདིང་བ་དང་།ལྷ་ཉིང་ལྕགས་ལམ་གྱི་རྗེས་མཐུད་ལམ་འདིང་ཨར་ལས་འཕྲུལ་ཆས་ལ་འགྲིམ་འགྲུལ་གྱི་ཆ་རྐྱེན་གསར་གཏོད་བྱས་པ་རེད།ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་ནི་2014ལོའི་ལོ་མཇུག་ཏུ་བསྐྲུན་འགོ་ཚུགས་པ་དང་། བཟོ་བསྐྲུན་དུས་ཡུན་ལོ་7ཡིན་ཞིང་། ཇུས་འགོད་མྱུར་ཚད་སྤྱི་ལེ་160ཡིན་པ།དེ་ནི་བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད།