དབུ་ཤོག >> བོད་ཁུལ་གསར་འགྱུར།
མཁས་དབང་ནམ་མཁའི་ནོར་བུ་མཆོག་ལ་དབྱི་ཐ་ལའི་བྱ་དགའ་ཆེན་པོ་ཞིག་ཐོབ།
རྩོམ་པ་པོ། དུས་ཚོད། 2018-09-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        དབྱི་ཐ་ལའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་སའེ་ཨར་ཅི་ཨོ་•མ་ཐ་ལའེ་ལ་(塞尔吉奥·马塔雷拉)ཡིས་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིས་བཏོན་པའི་གྲོས་གཞིར་གཞིགས་ནས། དགེ་རྒན་ཆེན་མོ་ནམ་མཁའི་ནོར་བུ་ལ་དབྱི་ཐ་ལའི་སྤྱི་འདོམས་པ་ཆེན་མོའི་གཟེངས་རྟགས་(大统领勋章)གནང་བ་རེད།

        འདི་ནི་དབྱི་ཐ་ལའི་ཆེས་མཐོའི་མཛད་ཆེན་གཟེངས་རྟགས་ཡིན་ལ། བྱ་དགའ་འདི་གཙོ་བོ་རྒྱལ་ཁབ་ཀྱི་རྩོམ་རིག་དང་སྒྱུ་རྩལ། དཔལ་འབྱོར། སྲིད་གཞུང་གི་ལས་དོན་དང་སྤྱི་ཚོགས།གཞན་ཕན་དགེ་བསྒྲུབ་བཅས་ཀྱི་ཕྱོགས་ནས་དམིགས་སུ་ཐོན་པའི་མཛད་རྗེས་ཆེན་པོ་ཡོད་པ་དང་མི་ཚེ་གང་བོར་དམངས་དོན་དང་དམག་དོན་གྱི་ལས་ཀར་ཞབས་ཞུ་བསྒྲུབས་པ་དང་བྱས་རྗེས་ཆེན་པོ་ཡོད་པའི་སྐྱེས་བུ་དམ་པ་དག་ལ་གནང་བཞིན་ཡོད་པ་རེད།

        གཏན་ཁེལ་ལྟར་ན། དམིགས་གསལ་གནས་ཚུལ་འོག་མ་གཏོགས་ཐོག་དང་བོ་སྐྱ་མི་(骑士)ལས་མཐོ་བའི་བྱ་དགའ་ཞིག་གནང་མི་ཆོག་རུང་། དགེ་རྒན་ཆེན་མོ་ནམ་མཁའི་ནོར་བུ་ལགས་ཀྱི་བློས་གཏོང་ཕོད་པའི་སྙིང་སྟོབས་དང་སྤྱི་ཚོགས་ལ་བྱས་རྗེས་ཆེན་པོ་བཞག་པར་ཀུན་གྱིས་ཁས་ལེན་ཐོབ་སྟེ། ཐེངས་འདིའི་སྤྱི་འདོམས་པ་ཆེན་པོའི་གཟེངས་རྟགས་(大统领勋章)གནང་བ་རེད།