ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ལོ་རྒྱུས།༼༣༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

       བདེ་ཆེན་ནི་“མི་རིགས་གནས་སྤོའི་དོག་ལམ་རིང་མོ་”དང་“ཇ་རྟ་གནའ་ལམ་”སོགས་རིག་གནས་བརྗེ་རེས་དང་ཕན་ཚུན་ཤུགས་རྐྱེན་ཆེ་བའི་ཡུལ་ཁོངས་ཁྱད་པར་ཅན་ཞིག་ན་ཡོད་ལ།ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རིམ་ཁྲོད་བོད་ཀྱི་རིག་གནས་གཙོ་བྱས་པའི་མི་རིགས་སྣ་མང་དང་ཆོས་ལུགས་སྣ་མང་འཆམ་མཐུན་མཉམ་སྡོད་ཀྱི་རིག་གནས་སྣ་མང་གི་རྣམ་པ་འདི་གྲུབ་རེད།

      བདེ་ཆེན་གྱི་མི་རིགས་སོ་སོས་ཚོགས་ཆེན་བཅུ་དགུ་བའི་དགོངས་པའི་སྣེ་སྟོན་ལ་ཁ་ཕྱོགས་ནས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལམ་བུའི་ཁྲོད། ཐོག་མཐའ་བར་གསུམ་དུ་རིག་གནས་གྱིས་མི་དམངས་ལ་ཞབས་ཞུ་སྒྲུབ་པ་དང་སྡོད་ཁུལ་ལ་ཞབས་ཞུ་སྒྲུབ་པ།མེ་ཏོག་མཉམ་བཞད། མཁས་རྒྱ་འགྲན་གླེང་གི་ལམ་ཕྱོགས་རྒྱུན་འཁྱོངས། ཐོག་མཐར་བར་གསུམ་དུ་རིག་གནས་སྒྱུ་རྩལ་རྒྱུན་འཛིན་དང་གསར་གཏོད་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་ནས།བརྗོད་བྱ་གཙོ་བོ་དར་སྤེལ་དང་འཕེལ་རྒྱས་སྣ་མང་ཅན་ཕན་ཚུན་མཉམ་འདྲེས་ཐུབ་པ་རྒྱུན་འཁྱོངས་བྱས་པས། སེམས་ཀྱི་ཉི་ཟླ་གཙོ་བྱས་པའི་བདེ་ཆེན་གྱི་བཀྲ་ཤིས་པའི་ཡུལ་ཁོངས་འདི་སྔར་ལས་གསོན་ཤུགས་དང་འཆམ་མཐུན་ཞིག་ཏུ་སྣང་། 



      ཆབ་མདོ་ལ་རྒྱུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འཚེར་བའི་རིག་གནས་ཡོད་དེ།མདོ་དབུས་མཐོ་སྒང་གི་གནའ་བོའི་དཔལ་ཡོན་གྱི་ལྟེ་བའི་ས་གནས་ཁྲོད་ཀྱི་གཅིག་ཡིན་ལ།བོད་ཀྱི་རིག་གནས་ཀྱི་ནང་གསེས་ཁམས་པའི་རིག་གནས་ཀྱི་འབྱུང་གནས་གཙོ་བོ་ཡིན་པ་རེད།ཆབ་མདོ་གྲོང་ཁྱེར་ཁ་རུབ་ས་ཁུལ་གྱི་ཁ་རུབ་རྡོ་ཆས་གསར་བའི་སྐབས་ཀྱི་གནའ་རྫས་སྔོག་འདོན་ཐུབ་པ་དང་རིག་གཞུང་ཞིབ་འཇུག་གིས་ཁ་རུབ་རིག་གནས་ནི་བོད་ལྗོངས་མཐོ་སྒང་དུ་ཁེར་རྐྱང་འཕེལ་རྒྱས་བྱུང་བའི་གདོད་མའི་རིག་གནས་ཞིག་མིན་པར་རྨ་ཆུའི་སྟོད་རྒྱུད་དང་བར་རྒྱུད་ལ་འབྲེལ་བ་དམ་པོ་ཡོད་པའི་རིག་གནས་ཤིག་ཡིན་པ་བདེན་དཔང་བྱས་ཤིང་།ལྷག་པར་དུ་ཀན་སུའུ་ཞིང་ཆེན་ནས་སྔོག་འདོན་ཐུབ་བའི་མ་ཚང་གི་རྫ་ཁང་(马家窑)རིག་གནས་དང་མཚོ་སྔོན་ནས་སྔོག་འདོད་ཐུབ་པའི་པན་ཧྲན་(半山)དང་མ་ཁྲང་(马厂)སོགས་ལ་ཀྱི་ཤུལ་བཞག་རིག་གནས་བར་གནའ་བོའི་རིག་གནས་སྤེལ་རེས་ཀྱི་འབྲེལ་བ་དམ་པོ་ཡོད་པ་རེད།ཆབ་མདོ་ནི་ཀྲུང་གོ་སེམས་ཀྱི་ཉི་ཟླ་ཆེན་པོའི་ཡུལ་སྐོར་ར་བའི་ལྟེ་བའི་ས་ཁུལ་དུ་ཡོད་ལ།ཀྲུང་གོ་ཇ་རྟའི་གནའ་ལམ་གྱི་རིག་གནས་ཁུལ་དང་ཁྲོན་བོད། ཡུན་བོད་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་གི་ལྟེ་བའི་ས་ཁུལ་ན་ཡོད་པ་རེད།