དབུ་ཤོག >> བོད་ཁུལ་གསར་འགྱུར།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི་དཔེ་ཚོགས་བོད་ལྗོངས་གནས་སྤོའི་དུད་ཚང་དུ་བསྐྱལ་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-09-05 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།


འདི་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་གི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་ཁུལ་གྱི་སྡོད་དམངས་འཐུས་མིས《ཡིད་དུ་འོང་བའི་བུད་མེད། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་》ཞེས་པའི་བོད་རྒྱ་སྐད་གཉིས་ཀྱི་དཔེ་ཚོགས་ལེན་བཞིན་པའི་ཚུལ། 

          ཟླ9པའི་ཚེས4ཉིན།  རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་དང་པར་སྐྲུན་བྱས་པའི《ཡིད་དུ་འོང་བའི་བུད་མེད། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་》ཞེས་པའི་བོད་རྒྱ་སྐད་གཉིས་ཀྱི་དཔེ་ཚོགས་ཀྱི་བོད་ལྗོངས་ཚོགས་རའི་འབུལ་སྤྲོད་མཛད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་སྡེ་བར་སྤེལ། ནག་ཆུ་གྲོང་ཁྱེར་གྱི་ཉི་མ་རྫོང་རོང་དམར་ཤང་གི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོ་བྱ་ཡུལ་ས་གནས་དེ་གར་བཙུགས་ཡོད།

 


འདི་ནི་ཀྲུང་གོའི་བུད་མེད་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལིའོ་ཅིན་ཅིན་ལགས་ཀྱིས་ནག་ཆུ་གྲོང་ཁྱེར་གྱི་ཉི་མ་རྫོང་རོང་དམར་ཤང་གི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་ཁུལ་གྱི་“བུད་མེད་ཀྱི་ཁྱིམ་ཚང་”དུ་སྡོད་དམངས་ལ་དཔེ་ཚོགས་ཀྱི་ནང་དོན་ངོ་སྤྲོད་བྱེད་བཞིན་པ།