ཞི་ཅིན་ཕིང་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གླེང་སྟེགས་ཀྱི་སྔོན་ཆད་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་མཁན་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་མ་ཧྥུའུ་ས། ད་ལྟའི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་མཁན་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ་བཅས་ཀྱིས་གསར་འགོད་པར་ཐུག་འཕྲད

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-09-05   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།


        ཟླ9པའི་ཚེས4ཉིན། 2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་གྲོལ་རྗེས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་གླེང་སྟེགས་ཀྱི་སྔོན་ཆད་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་མཁན་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་མ་ཧྥུའུ་ས། ད་ལྟའི་ཐུན་མོང་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་མཁན་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ་བཅས་ཀྱིས་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པར་ཐུག་འཕྲད་བྱས།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས4ཉིན། 2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་གྲོལ་རྗེས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་གླེང་སྟེགས་ཀྱི་སྔོན་ཆད་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་མཁན་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་མ་ཧྥུའུ་ས། ད་ལྟའི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་མཁན་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ་བཅས་ཀྱིས་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པར་ཐུག་འཕྲད་བྱས།

        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་པེ་ཅིན་དུ་འཛོམས་ཏེ། མཉམ་ལས་མཉམ་རྒྱལ་བྱེད་པ་དང་ལག་རྡང་སྦྲེལ་ནས་སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་བརྗོད་དོན་གཙོ་བོ་ཡིན་པར་དམིགས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་འཆར་འགོད་བྱས་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཐད་ལ་ཇུས་གཞི་ཆེན་པོ་བཀོད། ཚོགས་ཐོག་ནས་སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་སྐོར་གྱི་པེ་ཅིན་བསྒྲགས་གཏམ་སྤེལ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་འགུལ་སྐྱོད་འཆར་གཞིར་གྲོས་འཆམ་བྱུང་བ་དེས་འཛམ་གླིང་ཡོངས་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་རྡང་སྦྲེལ་ཏེ་ལག་བསྟར་བྱེད་པའི་བརྡ་གསལ་བོ་ཞིག་བཏང་ཟེར།

        ཞི་ཅིན་ཕིང་གིས་ཚོགས་འདུར་ཞུགས་པའི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་པས་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་ཚོགས་པར་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་རིགས་སོ་སོ་ཧུར་ཐག་སྒོས་ཞུགས་པར་བཀའ་དྲིན་ཆེ་ཞུས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར་ཉེར་དྲུག་ལྷག་གི་རྒྱབ་སྐྱོར་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་རྡང་སྦྲེལ་ཏེ་སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་ལེགས་འགྲུབ་འབྱུང་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་མ་འོངས་པ་སྔར་ལས་མཛེས་སྡུག་ཅན་དུ་འགྱུར་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།

        ལ་མ་ཧྥུའུ་ས་དང་ས་ལེ་གཉིས་ཀྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དེ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ཞིང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་བྱེད་ཐབས་གསར་བ་དངོས་འབེབས་བཟང་བོ་བྱས་ནས། སྔར་ལས་དམ་པོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

        ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་ཐུག་འཕྲད་ལ་ཞུགས།