དབུ་ཤོག >> བོད་ཁུལ་གསར་འགྱུར།
ཁམས་བོད་ཕན་བདེ་སློབ་གྲྭ་དབུ་བརྙེས་ནས་ལོ་འཁོར་ཉི་ཤུ་ལོན།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-09-04 རྩོམ་ཁུངས། ཁམས་པའི་དྲ་བ།


        སྤྱི་ཟླ8པའི་ཚེས28ཉིན། ཁམས་བོད་ཕན་བདེ་སློབ་གྲྭ་དབུ་བརྙེས་ནས་ལོ་འཁོར་ཉི་ཤུ་འཁོར་བའི་སློབ་སྟོན་བཞུགས་མོལ་ཚོགས་འདུ་གཟབ་རྒྱས་ངང་གནས་མཆོག་རྡོ་ར་དཀར་མོར་འཚོགས། བཞུགས་མོལ་ཚོགས་འདུ་རུ། ཞིང་ཆེན་རིག་སློབ་ཐིང་གི་དབུ་ཁྲིད་ལིན་ཆང(林强)དང་། དར་མདོ་གྲོང་ཁྱེར་རིག་སློབ་ཅུས་ཀྱི་ཅུས་ཀྲང་ཧོ་ཀྲི་ཁྲའོ(何志超)སོགས། རིམ་པ་ཁག་གི་དབུ་ཁྲིད་ཁག་གཅིག་དགྱེས་འཛོམས་བྱུང་། ཚོགས་འདུ་རུ་ཁམས་བོད་ཕན་བདེ་སློབ་གྲྭའི་དེང་གི་སློབ་གཙོ་ཧུའུ་ཀྲུང(胡忠)ལགས་ཀྱིས་བཞུགས་མོལ་ཚོགས་འདུའི་འགོ་འཛིན་བྱས། ཚོགས་ཞུགས་པ་རྣམས་རེ་རེར་ངོ་སྤྲོད་དང་། མི་ལོ་ཉི་ཤུའི་རིང་གི་ཁམས་བོད་ཕན་བདེ་སློབ་གྲྭའི་བྱས་རྗེས་དང་བརྒྱུད་རིམ་མདོར་བསྡུས་ངོ་སྤྲོད་ཞུས།


བཞུགས་མོལ་ཚོགས་འདུར་ཕེབས་པའི་དབུ་ཁྲིད།

སི་ཁྲོན་ཞིང་ཆེན་རིག་སློབ་ཐིང་གི་དབུ་ཁྲིད་ལིན་ཆང་གིས་གསུང་བཤད་གནང་བཞིན་པ།

དར་མདོ་གྲོང་ཁྱེར་རིག་སློབ་ཅུས་ཀྱི་ཅུས་ཀྲང་ཧོ་ཀྲི་ཁྲའོ་ཡིས་གསུང་བཤད་གནང་བཞིན་པ།

ཁམས་བོད་ཕན་བདེ་སློབ་གྲྭའི་དེང་གི་སློབ་གཙོ་ཧུའུ་ཀྲུང་གིས་གསུང་བཤད་གནང་བཞིན་པ།

ཁམས་བོད་ཕན་བདེ་སློབ་གྲྭའི་སློབ་མའི་འཐུས་ཚབ་དབང་ལྡན་གྱིས་གཏམ་བཤད་བྱེད་བཞིན་པ།

        ཁམས་བོད་ཕན་བདེ་སློབ་གྲྭ་ནི་མི་ཉག་གི་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་གསར་འདེབས་གནང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་དགོངས་དོན་ཇི་བཞིན། སློབ་གྲྭའི་རིམ་པ་དང་པོའི་སློབ་མ་དཀར་མཛེས་ཁུལ་ཡོངས་ནས། རྫོང་ཁག་བཅུ་གསུམ་གྱི་བོད་དང་། རྒྱ། ཡུ་གུར། ཆའང་རིགས་བཅས་ནས་དྭ་ཕྲུག་སློབ་མ་བརྒྱ་དང་བཅུ་བདུན་བསྡུས། ནང་གསེས་ཀྱི་སློབ་མ་བརྒྱད་ཅུས་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། ད་ལྟ་སློབ་ཆེན་པ་ཁོ་ཚོ་སློབ་མཐར་ཕྱིན་ནས། ལས་རིགས་སོ་སོར་བྱ་བ་གཉེར་བཞིན། ས་གནས་དང་རྒྱལ་ཁབ་ལ་བྱས་རྗེས་མི་དམན་པ་ཕུལ་བཞིན་ཡོད།


        ངོ་སྤྲོད་ཞུས་པ་དང་མཐུད་ཕན་བདེ་སློབ་གྲྭའི་དེང་གི་སློབ་མ་རྣམས་ཀྱིས་ཕན་བདེ་སློབ་གྲྭའི་སློབ་གླུ་འཁྲབ་སྟོན་བྱས་ཤིང་། བཞུགས་མོལ་པ་རྣམས་ཀྱི་དགའ་བསུ་དཔག་མེད་ཐོབ།


        ཞིང་ཆེན་རིག་སློབ་ཐིང་གི་དབུ་ཁྲིད་ལིན་ཆིང་ལགས་ཀྱིས་ཁམས་བོད་ཕན་བདེ་སློབ་གྲྭའི་ལོ་འཁོར་ཉི་ཤུའི་རྗེས་དྲན<<ལྷ་རི་ཞོལ་གྱི“བྱམས་བརྩེ་མེ་ཏོག”>>(<<圣山下的“慈子花”>>)ངོ་སྤྲོད་གནང་པ་བརྒྱུད། ཕན་བདེ་སློབ་གྲྭར་བསྔགས་བརྗོད་དང་བཞུགས་མོལ་ཚོགས་འདུར་དགའ་བསུ་ཞུས། དར་མདོ་གྲོང་ཁྱེར་རིག་སློབ་ཅུས་ཀྱི་ཅུས་ཀྲང་ཧོ་ཀྲི་ཁྲའོ་ལགས་ཀྱིས་ཕན་བདེ་སློབ་གྲྭ་ཏང་དང་རྒྱལ་ཁབ་གྱི་སློབ་གསོའི་དགོངས་དོན་དང་མཐུན་པར་བསྔགས་བརྗོད་དང་། སློབ་སྟོན་གྱི་བཞུགས་མོལ་ཚོགས་འདུར་དགའ་བསུ་ཞུས།<<圣山下的“慈子花”><<ལྷ་རི་ཞོལ་གྱི“བྱམས་བརྩེ་མེ་ཏོག”>



        མུ་མཐུད་ཁམས་བོད་ཕན་བདེ་སློབ་གྲྭའི་སྔ་ཕྱིའི་སློབ་གཙོ་རྣམས་དང་། སློབ་དཔོན་རྒན་གཞོན། ཁམས་བོད་ཕན་བདེ་སློབ་གྲྭ་ནས་སློབ་ཐོན་བྱུང་ཞིང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ན་བྱ་བ་གཉེར་མཁན་དང་ཞིབ་འཇུག་སློབ་མ་སོགས་ཀྱིས། མི་ལོ་ཉི་ཤུའི་རིང་གི་ཁམས་བོད་སློབ་གྲྭའི་ལས་སྣེ་སོ་སོ་ནས་རང་རང་གི་མྱོང་ཚོར་བརྒྱུད། གོང་བཞུགས་རྣམས་ལ་ལས་ཀའི་ཕྱོགས་བསྡུས་ཞུས་ཤིང་། བཞུགས་མོལ་པ་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་དགའ་བསུའི་ཐལ་སྒྲ་དང་འགྲོགས་ཏེ། ཁམས་བོད་ཕན་བདེ་སློབ་གྲྭ་དབུ་བརྙེས་ནས་ལོ་འཁོར་ཉི་ཤུ་ལོན་པའི་སློབ་སྟོན་བཞུགས་མོལ་ཚོགས་འདུ་ཡོངས་སུ་མཇུག་གྲོལ་བའོ།།

 


རིམ་པ་ཁག་གི་དབུ་ཁྲིད་ཁག་གཅིག་དང་ཕན་བདེ་སློབ་གྲྭའི་དགེ་སློབ་དགྱེས་འཛོམས་ཀྱི་མཉམ་པར།