བདེ་ཆེན་གྱིས་གཏེར་ཆོས་ཤོག་གྲངས་2285བསྐྱར་གསོ་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-09-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2010ལོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་ནགས་སྐེ་རགས་གྲོང་སྡེའི་བྲག་ཕུག་ཞིག་ཏུ་བོད་ཀྱི་གཏེར་ཆོས་ཁག་གཅིག་རྙེད་པ་དང་། དེ་ནས་བཟུང་ཡུན་ནན་གྱི་འབྲེལ་ཡོད་གནའ་གཞུང་བསྐྱར་གསོ་མི་སྣས་ནགས་སྐེ་རགས་ཀྱི་གཏེར་ཆོས་ལ་བསྐྱར་གསོ་བྱེད་འགོ་ཚུགས་པ་རེད།


བསྐྱར་གསོའི་སྔོན་གྱི་གཏེར་ཆོས།

        ནགས་སྐེ་རགས་ཀྱི་བྲག་ཕུག་ནས་རྙེད་པའི་གཏེར་ཆོས་ནི་རྙིང་མ་པའི་གྲྭ་བའི་ཆོས་ཡིག་དང་རྩིས་ཐོ་ཁག་གཅིག་ཡིན་པ་མ་གཏོགས།  གཞན་ཀུན་ནི་བཀའ་འགྱུར་གྱི་ནང་དོན་ཡིན།  ནགས་སྐེ་རགས་ཀྱི་བྲག་ཕུག་ནས་རྙེད་པའི་གཏེར་ཆོས་ནི་པར་འདེབས་ལག་རྩལ་དང་ཤོག་བཟོ་ལག་རྩལ། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སོགས་ཀྱི་ཐད་ལ་ལོ་རྒྱུས་ཀྱི་རིན་ཐང་དང་།  རིག་རྫས་ཀྱི་རིན་ཐང་།  ཚན་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་པ་རེད།


བསྐྱར་གསོ་བྱེད་བཞིན་པ།

        2014ལོར།  ནགས་སྐེ་རགས་གཏེར་ཆོས་ཀྱི་བསྐྱར་གསོ་རྣམ་གྲངས་དངོས་སུ་འགོ་ཚུགས་པ་དང་། མྱུར་སྐྱོབ་རང་བཞིན་གྱི་བསྐྱར་གསོ་ཐེངས་བཞི་བརྒྱུད་དེ་2018ལོར་བསྐྱར་གསོ་རྣམ་གྲངས་ཡོངས་སུ་མཇུག་རྫོགས་ནས་ཁྱོན་བསྡོམས་གཏེར་ཆོས་ཤོག་གྲངས་2285བསྐྱར་གསོ་བྱས་པ་རེད། བདེ་ཆེན་ཁུལ་གྱིས་ནགས་སྐེ་རགས་ཀྱི་གཏེར་ཆོས་ལ་བསྐྱར་གསོ་བྱས་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་གི་བསྐྱར་གསོ་དང་སྲུང་སྐྱོང་། རྒྱུན་འཛིན་ལ་གལ་ཆེན་གྱི་དཔེ་སྟོན་དང་སྐུལ་སྤེལ་གྱི་ནུས་པ་ལྡན་པ་རེད།






བསྐྱར་གསོ་བྱས་རྗེས་ཀྱི་གཏེར་ཆོས།

        2018ལོའི་ཟླ་9པའི་ཚེས་2ཉིན་ནས་ཟླ11པའི་ཚེས་2ཉིན་གྱི་བར་དུ་ནགས་སྐེ་རགས་གཏེར་ཆོས་ཀྱི་བསྐྱར་གསོའི་གྲུབ་འབྲས་དེ་བདེ་ཆེན་ཁུལ་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱེད་པ་དང་།   དེ་མིན་ད་དུང་སེམས་ཀྱི་ཉི་ཟླའི་པར་ཁང་གི་བརྐོས་རིས་འགྲེམ་སྟོན་བྱེད་རྒྱུ་རེད།




འགྲེམ་སྟོན་གྱི་ཡུལ་དངོས།