རྡོ་མཁར་རྫོང་དུ་དེང་རབས་སྒྱུ་རྩལ་ལྟེ་གནས་ཞིག་སྣང་ཟེར་འདུག

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2018-09-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་ནི་སྒྱུ་རྩལ་དང་འཚོ་བ་ཟུང་དུ་འབྲེལ་བའི་ས་གནས་ཡིན་ལ།  དེ་འཛམ་གླིང་ཅན་དང་རྒྱལ་སྤྱི་ཅན་དུ་སྐྲུན་དགོས་ན་རང་ས་གནས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས་པ་མ་ཟད། དེང་རབས་ཅན་གྱི་རིག་གནས་གཞན་ཡང་མཉམ་འདྲེས་བྱེད་དགོས་ཞེས་པ་དམིགས་འབེན་དུ་བྱས་པའི་སེམས་ཀྱི་ཉི་ཟླའི་དེབ་རབས་སྒྱུ་རྩལ་ལྟེ་གནས་ཞིག་རྡོ་མཁར་རྫོང་དུ་བཙུགས་ཡོད། 

 


རྩ་དོན་དང་སྒྲིག་སྲོལ་གྱི་ཆོས་ཉིད།


ཆུ་རྫིང་།


མ་ཎི་ཡིག་དྲུག་ལས་ཏུན་ཧོང་གི་ཕྱིར་དྲན།


གནམ་མཐའི་འཇའ་ཚོན།


རང་དབང་གི་དོན་སྙིང་།


འཁྲུལ་སྣང་།


འཆི་ཡང་སྤྱན་མི་བཙུམ།

        སེམས་ཀྱི་ཉི་ཟླའི་དེང་རབས་སྒྱུ་རྩལ་ལྟེ་གནས་སུ་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་པ་19ཡི་སྣུམ་ཚོན་རི་མོ་དང་པར་རིགས།  སྤྱོད་པའི་སྒྱུ་རྩལ་སོགས་ཀྱི་བརྩམས་ཆོས་འགྲེམ་སྟོན་བྱས་ཡོད་པ་དང་། དེས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་བརྗེ་རེས་ལ་སྐུལ་སྤེལ་གཏོང་བ་དང་།   སེམས་ཀྱི་ཉི་ཟླའི་བཟོས་སྒོམ་རང་བཞིན་མངོན་པ།  དེ་མིན་རིག་གནས་སྣ་ཚོགས་དར་སྤེལ་གཏོང་བ་དང་རིག་གནས་འཚོ་བའི་ནང་འདྲེས་པ།  སེམས་ཀྱི་ཉི་ཟླ་འཛམ་གླིང་ཅན་དུ་སྐྲུན་པ་སོགས་ལ་སྟེགས་བུ་ཞིག་སྐྲུན་པ་རེད།

 








སེམས་ཀྱི་ཉི་ཟླའི་དེང་རབས་སྒྱུ་རྩལ་ལྟེ་གནས་སུ་འགྲེམ་སྟོན་བྱེད་ཡོད་པའི་སྒྱུ་རྩལ་བརྩམས་ཆོས།

        སེམས་ཀྱི་ཉི་ཟླའི་དེང་རབས་སྒྱུ་རྩལ་ལྟེ་གནས་ནི་སྤྱིའི་སྒྱུ་རྩལ་ལྟ་སྐུལ་བ་ཀུའོ་ཀྲེན་མིང་དང་རྒྱལ་ཐང་གི་ཁེ་ལས་པ་གྲགས་པ་སྐལ་ལྡན་གཉིས་ཀྱིས་གསར་འཛུགས་བྱེད་པ་ཡིན་ལ། དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་སྟག་ལུང་སྲང་ལམ་གྱི་ཐང་ག་སྒྱུ་རྩལ་ལྟེ་གནས་ཀྱི་ཉེ་འགྲམ་དུ་གནས་ཡོད།  དེང་རབས་སྒྱུ་རྩལ་ལྟེ་གནས་ཀྱི་འགྲེམ་སྟོན་ནི་རིན་མི་དགོས་པ་དང་།  ཟླ་བ་གསུམ་རེའམ་བཞི་རེར་བརྩམས་ཆོས་བརྗེ་རྒྱུ་ཡིན་པ་དང་།  ཐེངས་དང་པོའི་བརྩམས་ཆོས་དག་ནི་ཟླ་9པའི་ཚེས་2ཉིན་ནས་ཟླ་12པའི་ཚེས་30ཉིན་གྱི་བར་དུ་འགྲེམ་སྟོན་བྱ་རྒྱུ་རེད།