སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་དམ་འཛིན་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-09-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་མཚམས་འཇོག་པ་ཚོད་འཛིན་བྱེད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་།   ཚོགས་འདུའི་ཐོག་བསྟན་དོན།  གྲོང་ཁྱེར་འདིས་ཕྱོགས་བདུན་གྱི་ཐད་ནས་དངོས་གནས་ཀྱིས་སློབ་མཚམས་འཇོག་པ་ཚོད་འཛིན་བྱེད་པ་དང་སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་ཡག་པོ་སྒྲུབ་པ།  སློབ་གསོ་ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།
        གཅིག་ནི་བསམ་བློའི་ངོས་འཛིན་ཐོག་སློབ་མཚམས་འཇོག་པར་ཚོད་འཛིན་བྱེད་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་མི་ཉུང་བ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་མི་ཉུང་བ།   ཁྱིམ་ཚང་གི་སློབ་གསོ་མི་ཉུང་བ་བཅས་ལ་གཅིག་གྱུར་བྱེད་དགོས།
        གཉིས་ནི་དམིགས་འབེན་ལ་ཁ་ཕྱོགས་ནས་སློབ་མཚམས་འཇོག་པ་ཚོད་འཛིན་བྱེད་དེ་དགོན་པར་ཞུགས་ཡོད་པའི་ལོ་རན་བྱིས་པའི་ཚོགས་པ་དང་ཁྱད་ལྡན་འགན་སྲུང་བྱིས་པའི་ཚོགས་པ།ལོ་རན་བྱིས་པ་དཀྱུས་མ་བཅས་ཀྱི་ཚོགས་པ་གསུམ་ལ་ལྟ་རྟོག་བྱས་ནས་སློབ་མཚམས་འཇོག་པ་གཅིག་ཡང་མེད་པར་ཁག་ཐེག་བྱེད་དགོས།
        གསུམ་ནི་སྔོན་འགོག་དང་ཚོད་དཔག་བྱས་ནས་སློབ་མཚམས་འཇོག་པར་ཚོད་འཛིན་བྱེད་དེ།   གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔོན་ཚུད་ནས་གཙོ་གནད་ཀྱི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ་དང་།  སྔོན་ཚུད་ནས་གཙོ་གནད་ཀྱི་འཛིན་གྲྭ་ལ་སློབ་པ།   སྔོན་ཚུད་ནས་གཙོ་གནད་ཀྱི་སློབ་མ་ལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་སྔོན་ཚུད་གསུམ་ལ་གཅིག་གྱུར་བྱེད་དགོས།
        བཞི་ནི་བྱེད་ཐབས་འགན་ལེན་གྱིས་སློབ་མཚམས་འཇོག་པར་ཚོད་འཛིན་བྱེད་དེ།   གྲོང་ཁྱེར་ཡོངས་ཀྱིས་ཞིང་དུད་དཀྱུས་མ་དང་དམངས་ཕན་སྲིད་ཇུས་ལ་འབྲེལ་གཏུག་བྱེད་པ་དང་།  ཡིག་ཚགས་དང་ཁཱ་བཟོས་བའི་དུད་ཚང་དང་རོགས་སྐྱོར་སྲིད་ཇུས་ལ་འབྲེལ་གཏུག་བྱེད་པ།   སློབ་མཚམས་འཇོག་པའི་གཙོ་གནད་དུད་ཚང་དང་ཁྲིམས་ལུགས་སྲིད་ཇུས་ལ་འབྲེལ་གཏུག་བྱེད་པ་བཅས་ཀྱི་སྲིད་ཇུས་གསུམ་ལ་གཅིག་གྱུར་བྱེད་དགོས།
        ལྔ་ནི་དྲིལ་བསྒྲགས་དང་ཁྲིད་སྟོན་གྱིས་སློབ་མཚམས་འཇོག་པར་ཚོད་འཛིན་བྱེད་དེ།  གྲོང་ཁྱེར་ཡོངས་ཀྱིས་སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་བྱེད་པའི་སྲིད་ཇུས་སྤྱི་ཚོགས་ཀྱི་ངོས་སུ་ཁྱབ་པ་དང་འབྲེལ་གཏུག་ལས་ཁུངས་ཀྱི་ལས་བྱེད་པ་ལ་ཁྱབ་པ།  སློབ་མའི་དུད་ཚང་ལ་ཁྱབ་པ་བཅས་ཁྱབ་པ་གསུམ་གཅིག་གྱུར་བྱེད་དགོས།
        དྲུག་ནི་འགན་འཁྲི་ནན་དཀྲིས་བྱས་ནས་སློབ་མཚམས་འཇོག་པར་ཚོད་འཛིན་བྱེད་དེ།   གྲོང་ཁྱེར་ཡོངས་ཀྱིས་གྲོང་ཁྱེར་རིམ་པ་དང་གྲོང་གསེབ་ཀྱི་ལས་བྱེད་པའི་རིམ་པ།  སློབ་གསོ་མ་ལག་རིམ་པ་བཅས་རིམ་པ་རེ་རེ་བཞིན་འགན་འཁྲི་ནན་དཀྲིས་བྱས་ནས་ལམ་ལུགས་དང་ཐག་གཅོད་ཡི་གེ་སོགས་དོན་དུ་འཁྱོལ་བར་ཁག་ཐེག་བྱེད་དགོས།
        བདུན་ནི་རྗེས་སྙེག་དང་འདྲི་རྟོག་བྱས་ནས་སློབ་མཚམས་འཇོག་པར་ཚོད་འཛིན་བྱེད་དེ།  གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་སོ་སོས་སློབ་དུས་གསར་པ་འགོ་ཚུགས་རྗེས་སློབ་མས་སློབ་གྲྭར་ཞུགས་པ་དང་སློབ་མཚམས་འཇོག་པ་སོགས་ཀྱི་གཞི་གྲངས་བསྡོམས་རྩིས་བྱེད་དགོས་པ་དང་སློབ་མའི་འགྲོ་ཕྱོགས་རྒྱུས་ལོན་པ་དང་དུས་ཐོག་ཏུ་ཕྱིར་ལོག་གི་ཁ་ཏ་བསླབས་ཏེ་སློབ་དུས་གསར་པ་འགོ་ཚུགས་པའི་གཟའ་འཁོར་གཉིས་ཀྱི་ནང་དུ་སློབ་མཚམས་འཇོག་པ་གཅིག་ཡང་མེད་པར་ཁག་ཐེག་བྱེད་དགོས།