དབུ་ཤོག >> གནའ་རབས་བརྩམས་ཆོས།
དྲི་མེད་ཀུན་ལྡན་གྱི་རྣམ་ཐར།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-08-30 རྩོམ་ཁུངས།

 


    རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནི། བོད་ཀྱི་རྟོགས་བརྗོད་རྩོམ་རིག་གི་བརྩམས་ཆོས་གྲགས་ཆེན་ཞིག་ཡིན། སྔར་སྟོན་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའི་སློབ་པ་ལམ་གྱི་སྐབས། བདོག་པ་གྱ་ནོམ་པའི་ཟང་ཟིང་གི་སྦྱིན་པ་དང་། བྱང་ཆུང་སེམས་དཔའི་བྱ་དཀའ་བའི་སྦྱིན་པའི་སྤྱོད་པ་སྟེ། རང་གི་ཡན་ལག་དང་བཅས་པ་བསྩལ་བའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་སྟོན་པའི་མཛད་པ་དེ་བརྗོད་ཡོད་པ་དང། རྣལ་འབྱོར་བ་རུས་པའི་རྒྱན་ཅན་གྱིས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་རླབས་ཆེན་གྱི་སྤྱོད་པ་དེའི་གཏམ་རྒྱུད་གཞིར་བཟུང་ནས་སྣོན་འཕྲི་ལས་སྣོན་བྱས་ཤིང་། བཅད་ལྷུག་སྤེལ་མའི་སྙན་འཇེབས་ཚིག་གིས་སྤྲོས་ཏེ། སྣང་བརྙན་གསོན་ཉམས་ལྡན་པར་བྱས་ཡོད། རྣམ་ཐར་འདི་ཟློས་གར་དུ་བསྒྱུར་ནས་འཁྲབ་སྟོན་བྱེད་པས། བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཡིན།