དབུ་ཤོག >> བོད་ཁུལ་གསར་འགྱུར།
2018ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་ལྷོ་ཁར་འཚོགས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-08-28 རྩོམ་ཁུངས། མི་དམངས་དྲ་བ།


        ཟླ་8ཚེས་26ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་ཨན་ཧུའེ་ཞིང་ཆེན་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་2018ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་དུ་འགོ་ཚུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་བརྗོད་བྱ་གཙོ་བོ“བོད་ཀྱི་འབྱུང་གནས། བོད་དང་ལས་འབྲེལ།— སྒོ་དབྱེའི་ལྷོ་ཁ་གྲོང་ཁྱེར།.བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པ་ཡིན་ཞིང་། ལྷོ་ཁའི་ཚོགས་ར་གཙོ་བོ་དང་ཨན་ཧུའེ་ཡི་ཡན་ལག་ཚོགས་ར་གཉེར་ནས་རིག་རྩལ་འཁྲབ་སྟོན་དང་། ཨན་ཧུའེ་ཡི་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན། ལྷོ་ཁ་རིག་དངོས་རྩེ་གྲའི་འགྲེམས་སྟོན། ལྷོ་ཁའི་ཐང་གའི་མི་རིགས་ལག་ཤེས་བཟོ་རྩལ་འགྲེམས་སྟོན། ཨན་ཧུའེ་ཡི་ཁེ་ལས་བརྒྱ་ལྷག་ཙམ་ལྷོ་ཁར་སྐྱོད་ནས་རྣམ་གྲངས་ངོ་འཕྲད་གྲོས་མོལ་གྱི་འབྲེལ་མཐུད་བྱེད་སྒོ་སྤེལ་བ། ལྷོ་ཁའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་འདུ་ཚོགས། ལྷོ་ཁ་གྲོང་ཁྱེར་གྱི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དང་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་གྲུབ་འབྲས་འགྲེམས་སྟོན་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རྣམ་གྲངས་བཅུ་ལྷག་སྤེལ་ཡོད་པ་དང་། དེའི་དམིགས་ཡུལ་ནི“བོད་ཀྱི་འབྱུང་ཁུངས་རིག་གནས”ཀྱི་སྤུས་རྟགས་ཧུར་ཐག་གཏོད་ནས། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་གསོན་ཉམས་དོད་དུ་དེ་བས་གཏོང་རྒྱུ་དང་། ལྷོ་ཁ་དང་ཨན་ཧུའེ་ས་གནས་གཉིས་ཀྱི་རིག་གནས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས། “མཛེས་པའི་ལྷོ་ཁ་འཛུགས་སྐྲུན”བྱ་ཆེད་བསམ་པའི་སྟོབས་ཤུགས་དང་རིག་གནས་ཀྱི་འདེགས་སྐྱོར་ཤུགས་ཆེན་མཁོ་འདོན་བྱ་རྒྱུ་དེ་ཡིན།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་དེ་2016ལོ་ནས་བཟུང་བོད་སྐྱོར་ཞིང་ཆེན་ཧུའུ་པེ་དང་།  ཧུའུ་ནན། ཨན་ཧུའེ་བཅས་གསུམ་གྱིས་རེས་མོས་ངང་ལྷོ་ཁ་གྲོང་ཁྱེར་དང་མཉམ་འབྲེལ་ཐོག་འཚོགས་པའི་སྐབས་གསུམ་པའི་རིག་གནས་དུས་ཆེན་ཡིན། ཐེངས་འདིའི་རིག་གནས་དུས་ཆེན་ཟླ་དགུ་པའི་ཟླ་མཇུག་བར་འཚོག་རྒྱུ་རེད།

རྩོམ་སྒྲིག་པ། (པདྨ་མཚོ།)