དུས་བབ་གསར་པའི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་དགོས།

རྩོམ་པ་པོ།   མི་དམངས་དྲ་བ།  ཡིག་བསྒྱུར།       དུས་ཚོད།   2018-08-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


ཟླ་8པའི་ཚེས་21ཉིན་དང་ཚེས་22ཉིན་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

  ཟླ8པའི་ཚེས་21དང་22ཉིན། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་སྤེལ་བར་ངེས་པར་དུ་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་ལས་འགན་རང་རྟོགས་ངང་འཁུར་དགོས་པའི་ནན་བཤད་གནང་བ་རེད།

  ཞི་ཅིན་ཕིང་གིས་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་སྒྲུབ་པར་འབད་བརྩོན་ལྷོད་མེད་བྱེད་པ། འགག་རྩའི་ས་དང་གནད་འགག་ཆེ་སར་འབད་བརྩོན་ལྷོད་མེད་བྱེད་པ། ལས་ཀའི་སྤུས་ཚད་དང་ཆུ་ཚད་ཐད་འབད་བརྩོན་ལྷོད་མེད་བྱེད་པ། དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཕུགས་བསམ་གྱི་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་ཀྱི་ཐད་མི་དམངས་ཡོངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས་ཞེས་བླང་བྱ་བཏོན་པ་རེད།

ཞིབ་ཏུ་བརྙན་ལ་གཟིགས་རོགས།

ས་གནས་ནི།  https://v.qq.com/x/page/e0764wurmdl.html