སེམས་ཀྱི་ཉི་ཟླའི་གློག་བརྙན་ཐུང་གྲས་ཚེ་ཐར་ཞེས་པར་གཟིགས་རོགས།

རྩོམ་པ་པོ།   ཡང་  ཡིག་བསྒྱུར།       དུས་ཚོད།   2018-08-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བླང་བྱ་དང་ལེན་དང་།  སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དོན་འཁྱོལ་གཏོང་བ།  མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བའི་བླང་བྱར་སྐུལ་འདེད་གཏོང་བ།  ཀྲུང་གོའི་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན།  རྒྱལ་ཁབ་དཔལ་གྱིས་ཕྱུག་པ།   སེམས་ཅན་བདེ་སྐྱིད་ལྡན་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས།   གང་ལེགས་ཀྱིས་ནང་བསྟན་ལས་རིགས་ཁག་གིས་སྤྱི་ཚོགས་འཆམ་མཐུན་དང་།   ཆོས་ལུགས་འཆམ་མཐུན།    མི་སེམས་དགེ་བའི་ཕྱོགས་ལ་བསྐུལ་བའི་ཧུར་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ།   མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་གཞིར་བཟུང་ནས།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བླང་བྱ་ལྟར།      སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་ཀྱི་ནང་བསྟན་དད་པ་བྱེད་ས་ཁག་ནས་སྤོས་བསྒྲོན་པ་དང་།   ཚེ་ཐར་གཏོང་བའི་བྱེད་སྒོ་ཚད་ལྡན་ཅན་དུ་བཏང་ནས།   མཉམ་དུ་འཆམ་མཐུན་སྣོད་བཅུད་ཁོར་ཡུག་བཙུགས་ཏེ་ནང་བསྟན་གྱི་དད་པ་བྱེད་སའི་རིག་གནས་དང་བདེ་འཇགས།   ཁོར་སྲུང་དང་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕགས་པ་ལྷ་རིག་གནས་འཕྲིན་སྦྱོར་ཚད་ཡོད་ཀུང་སིས་ད་ཐེངས་ཀྱི་གློག་བརྙན་ཐུང་གྲས་ཚེ་ཐར་ཞེས་པ་ཕབ་བསྐྲུན་བྱས་ནས་ཀུན་གྱིས་སྤྱན་ལམ་དུ་བསྟར་ཡོད་པས།   རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བརྙན་ཐུང་འདི་ལ་བརྟེན་ནས་དཔལ་ཡོན་ལྡན་པའི་སྒོ་ནས་རྟེན་མཇལ་ཕྱག་མཆོད་དང་།     འོས་མཐུན་གྱིས་ཚེ་ཐར་གཏོང་བའི་འབོད་སྐུལ་གནང་ཡོད།   

གློག་བརྙན་ལ་བལྟ་སའི་ས་གནས། 

https://v.qq.com/x/page/p07633mu45f.html