དབུ་ཤོག >> སློབ་གསོའི་རིགས་གཞུང་།
སློབ་མའི་མི་ཚེ་ཐག་གཅོད་བྱེད་ནི་སློབ་སྦྱོང་གི་སྐར་འབྲས་མིན།
རྩོམ་པ་པོ། ནག་ཀྱ་བ། དུས་ཚོད། 2018-08-21 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སློབ་མའི་མི་ཚེ་ཐག་གཅོད་བྱེད་ནི་སློབ་སྦྱོང་གི་སྐར་འབྲས་མིན། 

                    ཚའེ་ཡོན་ཕའེ། 

      སློབ་མའི་མི་ཚེ་ཐག་གཅོད་བྱེད་ནི་སློབ་སྦྱོང་གི་སྐར་འབྲས་མ་ཡིན་ལ། གཤམ་གྱི་དོན་ཚན་བརྒྱད་པོ་འདི་ཡིན་པ་རེད།

      དང་པོ།  སློབ་མའི་སྤྲོ་སྣང་ཡར་བརྩོན་གྱི་སེམས་ཁམས་ཇི་ལྟར་གཏན་ཁེལ་བྱེད་པ། ༡ དོན་དངོས་དང་ལེན་བྱེད་པ།  ༢ སྤྲོ་སྣང་གི་རང་གཤིས་གསོ་སྐྱོང་དང་ཡང་དག་པའི་ངང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ལ་གདོང་གཏོད་པ། ༣ བྱིས་པར་རྒྱུན་ལྡན་གྱི་སེམས་ཞིག་སྲུང་དུ་འཇུག་པ། ༤ སེམས་ཤུགས་ཡོད་ཚད་དོན་དངོས་དང་ལེགས་ཕྱོགས་སུ་ཕུད་པ། 

    གཉིས་པ།  བྱིས་པར་དྲིན་ལན་དྲིན་ཤེས་དང་གུ་ཡངས་ཤེས་པར་བྱེད་པ། ༡ སེམས་གུ་དོག་པས་བྱིས་པར་སྡུག་བསྔལ་བསྐྱེད་ངེས། ༢ བརྩེ་སེམས་ཡོད་པ་ནི་བསླབ་ལ་བརྩོན་ཞིང་མཛེས་དཔྱོད་ལ་དགའ་བའི་སྒུལ་ཤུགས་ཡིན། ༣ ཐལ་དྲགས་པའི་ཀུ་རེ་ཡིས་ཁ་མཆུ་སློང་བས་མྱུར་དུ་བསྒྱུར་དགོས། ༤ བྱིས་པའི་སྡུག་སྤྱོད་མྱུར་དུ་མེད་པར་བྱ་དགོས། ༥ དྲིན་ཤེས་ན་ད་གཟོད་འཚར་ལོངས་ཡག་པོ་འབྱུང་ངེས། 

    གསུམ་པ།  བྱིས་པར་ཕམ་ཁ་ལ་ཁ་གཏོད་ཐུབ་པའི་སྤོབས་པ་གསོ་སྐྱོང་བྱེད་པ། ༡ བྱིས་པའི་སེམས་དྲོ་བར་བྱེད་པ། ༣ རང་ལ་ཡིད་ཆེས་དང་དེས་རང་དམན་གྱི་ཚབ་བྱེད་པ། ༣ བྱིས་པ་ལ་བསྟོད་པ་མང་ཙམ་བྱེད་པ། 

    བཞི་བ།  རང་གིས་རང་ལ་བདག་སྐྱོང་བྱེད་ཤེས་སུ་འཇུག་པ། ༡ བྱིས་པར་བདེ་འཇགས་ཀྱི་རྒྱུན་ཤེས་སློབ་དུ་འཇུག་པ་དང་ཉེན་དོན་ལ་བབ་བརླིང་གིས་གཏོད་པ། ༢ བྱིས་པ་ལ་ཕ་མས་སེམས་ཁྲལ་ཆེས་ཆེར་མ་བྱས་ན་བཟང་བ་དང་དེ་ལྟར་བྱས་ན་བྱིས་པའི་མ་འོངས་པ་ལ་ཉེན་ཁ་བཟོས་པ་རེད། ༣ བྱིས་པར་སྙིང་རྗེ<གཅེས>་ཤེས་དགོས། 

    ལྔ་བ།  བྱིས་པ་ཕུགས་བསམ་འཚོལ་བར་སྤོབས་པ། ༡ ཕུགས་བསམ་ཡོད་ན་གསར་གཏོད་ཡོད་པ། ༢ བྱིས་པར་ཕུགས་བསམ་ཡོད་དུས་དེའི་ཕྱོགས་སུ་སྤོ་བར་སྐུལ་འདེད་བྱེད་དགོས། ༣ བྱིས་པའི་དྲི་བ་དང་ལེན་བྱེད་པ། ༤ བྱིས་པའི་དགའ་ཕྱོགས་ལ་ལྟ་སྟངས་ཡག་པོ་འཛིན་པ། 

   དྲུག་པ།  བྱིས་པའི་འབྲེལ་འདྲིས་བྱེད་པའི་ཐབས་རྩལ་ལེགས་པོ་གསོ་སྐྱོང་བྱེད་པ། ༡ བརྩི་བཀུར་ཤེས་པའི་མི་ལ་ལས་འབྲས་ཡག་པོ་ཡོད་པ། ༢ སྐད་ཆ་ཡག་པོ་སྨྲ་བར་གོམས་སུ་འཇུག་པ། ༣ གཞན་ལ་བརྩི་བཀུར་བྱེད་པ་དེ་རང་ཉིད་ལ་བརྩི་བཀུར་བྱེད་པ་ཡིན་པ། ༤ ནོར་འཆུག་ཁས་ལེན་སྤོབས་པ་ན་ནོར་འཆུག་གི་ཕྱེད་ཀ་ལེགས་ཕྱོགས་སུ་བསྒྱུར་ཡོད། ༥ མཉམ་འབྲེལ་གྱི་ནུས་པ་ཤེས་བྱ་ལས་གལ་ཆེ་བ། ༦ གཞན་གྱི་སྐད་྄ཆ་ལ་སེམས་གཏད་ནས་་ཉན་པ་དེ་མི་སེམས་འགུག་པའི་ཤུགས་ཡིན་པ།

   བདུན་པ།  བྱིས་པས་ལུགས་མཐུན་ངང་ནས་རྒྱུ་ནོར་བེད་སྤྱོད་གཏོང་མཁས་པོ་བཟོ་བ། ༡ བྱིས་པ་ལ་སྒོར་ཉུང་ངུ་རྒྱུན་བཀོལ་བྱེད་དུ་འཇུག་པ། ༣ བྱིས་པའི་ལོ་སར་གྱི་དངུལ་རྔན་དེ་ཐག་གཅོད་ཡང་དག་པ་ཞིག་བྱེད་དུ་འཇུག་པ། ༣ སྒོར་གསོག་པར་གོམས་སུ་འཇུག་པ་དང་དེས་བྱིས་པའི་མི་ཚེ་ལ་ཕན་པ་བསྐྲུན་འོང་།

   བརྒྱད་པ།  བྱིས་པས་རང་ངོ་རང་གི་ཟིན་པ་ལ་རོགས་རམ་བྱེད་པ། ༡ བྱིས་པར་རང་འགུལ་གྱིས་མི་གཞན་པར་འབྲེལ་བ་བྱེད་པར་སྐུལ་མ་བྱེད་པ། ༢ དུས་ཡུན་རིང་བོར་ངོ་ཚ་ནས་འདུག་པའི་བྱིས་པར་རང་དམན་གྱི་འདུ་ཤེས་ཆགས་སླ། ༣ བྱིས་པ་གཞན་ལ་དགའ་བོ་བྱས་ན་ད་གཟོད་རང་ཉིད་ལ་དགའ་བོ་ཐོབ་ཐུབ་པ།  ༤ བྱིས་པ་ལ་ཉིན་རེར་རང་ཉིད་ཀྱི་ལེགས་ཆ་གཅིག་རེ་རྙེད་དུ་འཇུག་པ། ༦ གཞན་ལ་སྦྱིན་ན་ད་གཟོད་ཐོབ་ཆ་ཡོད་པ་ཤེས་སུ་འཇུག་པ།

  ( ཚའེ་ཡོན་ཕའེ་ནི།  པེ་ཅིང་སློབ་ཆེན་ཆེན་གྱི་སློབ་གཙོ་དང་པོ་ཡིན།