ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་གྲུབ་འབྲས་ཆེན་པོ་ལེན་པའི་ལོ་གསུམ་འགུལ་སྐྱོད་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

རྩོམ་པ་པོ།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   ཡིག་བསྒྱུར།       དུས་ཚོད།   2018-08-20   རྩོམ་ཁུངས།   

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་གྲུབ་འབྲས་ཆེན་པོ་ལེན་པའི་ལོ་གསུམ་འགུལ་སྐྱོད་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གནད་ཕིགས་དབུལ་ཐར་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ངེས་པར་དུ་ལག་བསྟར་བྱེད་པའི་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་གྱི་ནང་གི་གཅིག་ཏུ་གཏན་འཁེལ་གསལ་བོ་བྱས་ནས་བཀོད་སྒྲིག་གསར་བ་བྱས། དབུལ་ཐར་མཁྲེགས་གཏོར་ལས་འགན་ཐད་ནས་མ་འོངས་པའི་ལོ་གསུམ་གྱི་ནང་ད་དུང་ཞིང་སྡེ་ཡི་དབུལ་ཕོངས་མི་གྲངས་བྱེ་བ་གསུམ་ལྷག་དབུལ་ཐར་བྱས་ཏེ་དབུལ་ཐར་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་པས་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་ཟེར།

བསམ་འཆར་ལས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཐད་རྒྱབ་སྐྱོར་བྱེད་པ་དང་ཞིང་སྡེ་ནས་ཁྱིམ་ཚང་དང་མི་སྒེར་བར་དུ་གནད་ཕིགས་རོགས་སྐྱོར་བྱེད་ཐབས་གཏན་འཁེལ་བྱེད་པ། དབུལ་ཕོངས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཀྱི་ཞན་ཆ་མྱུར་དུ་ཁ་གསབ་བྱེད་པ། གནད་ཕིགས་དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་ཀྱི་འདེགས་ཤུགས་ནུས་པ་ཇེ་ཆེར་གཏོང་བ། སྤྱི་ཚོགས་ཡོངས་སྐུལ་སློབ་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ཁྲོད་ཞུགས་པ། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་རྨང་གཞི་རང་བཞིན་གྱི་བྱ་བ་བཟང་བོར་བསྒྲུབ་པ། དབུལ་ཐར་མཁྲེགས་གཏོར་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ་སོགས་ཕྱོགས་ཀྱི་བྱ་བའི་ཐད་ལ་རེ་བ་བཏོན།  །