སེམས་ཀྱི་ཉི་ཟླའི་ཆང་ལས།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2018-08-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 སེམས་ཀྱི་ཉི་ཟླའི་ཡུལ་གྱི་ནས་ཆང་དང་། རྒུན་ཆང་། སྦི་རག་བཅས་ལ་ཉེ་བའི་ལོ་འགའི་རིང་རྒྱལ་ཕྱི་ནང་དུ་འཛད་སྤྱོད་པའི་དགའ་བསུ་མི་དམན་པ་ཐོབ་ཡོད། 

 




 སེམས་ཀྱི་ཉི་ཟླ་དང་འཇོལ་རྫོང་གི་མང་ཚོགས་ཀྱིས་སྔར་ནས་ད་ལྟའི་བར་དུ་སྲོལ་རྒྱུན་གྱི་ནས་ཆང་བཙག་པའི་སྲོལ་རྒྱུན་འཛིན་བྱས་ཡོད།  དེ་ལ་བརྟེན་ནས་རིམ་བཞིན་ཚོང་ལས་ཅན་གྱི་ཐོན་རྫས་སུ་བསྒྱུར་ཏེ་ཚོང་རའི་ནང་འགྲེམས་འཚོང་བྱེད་ཀྱི་ཡོད།  མིག་སྔར་ཁུལ་ནང་དུ་ནས་ཆང་བཟོ་གྲྭ་དྲུག་ཉེ་བ་ཙམ་དང་།   ཐོན་རྫས་རིགས་དུ་མ་ཡོད།   དེ་དག་རང་ས་ཁུལ་ལས་གཞན་བོད་ལྗོངས་དང་སི་ཁྲོན་གྱི་ཉེ་གནས་ས་ཁུལ་དང་།    གཞན་ས་དམ་དང་ཏ་ལིས་སོགས་ས་ཆ་གཞན་ལ་ཡང་ཕྱིར་འཚོང་བྱེད་ཀྱི་ཡོད། 
 སེམས་ཀྱི་ཉི་ཟླའི་སྦི་རག་ཐོན་རྫས་འགྲེམས་སྤེལ་བྱས་རྗེས།   སྦི་རག་འདི་ལ་ཚོང་རའི་ཐོག་ཀུན་གྱིས་དགའ་བསུ་བྱེད་བཞིན་ཡོད།    སེམས་ཀྱི་ཉི་ཟླའི་སྦི་རག་ལ་སྲོང་དགའ་དང་།    ཨེ་ཨར།   སྒྲོལ་མ་ཤ་རྒྱགས་པ་ཅན་སོགས་རིགས་འགའ་ཡོད།   བཟོ་གྲྭ་འདིའི་གནས་ཡུལ་ཆིང་ཁུག་ཁྱད་ལྡན་བཟོ་ལས་ཐོན་ཁུལ་ནང་དུ་ཡོད།