བདེ་ཆེན་གྱི་གཏམ་རྒྱུད་ཞེས་པ་ཐོག་མར་འགྲེམས་སྤེལ་བྱེད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཡུན་ནན་གྱི་གཏམ་རྒྱུད་ཞེས་པའི་མུ་འབྲེལ་དཔེ་ཚོགས་ཏེ་བདེ་ཆེན་གྱི་གཏམ་རྒྱུད་ཞེས་པ་ཉེ་སྔོན་དུ་ཐོག་མར་འགྲེམས་སྤེལ་བྱས་པ་རེད།

        ཀྲུང་གོའི་གཏམ་རྒྱུད་ཀྱི་ཡུན་ནན་ལེ་ཚན་ནང་གི་བདེ་ཆེན་གྱི་གཏམ་རྒྱུད་ཞེས་པ་རྩོམ་སྒྲིག་བྱེད་པ་ནི་ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནང་བའི་གལ་ཆེའི་ཐབས་ཇུས་དང་ལས་ཀའི་བཀོད་སྒྲིག་ཞིག་ཡིན།  བདེ་ཆེན་གྱི་གཏམ་རྒྱུད་ཞེས་པ་ནི་ཀྲུང་གོའི་གཏམ་རྒྱུད་ཀྱི་ཡུན་ནན་ལེ་ཚན་ཞེས་པའི་རྩོམ་སྒྲིག་འཆར་གཞིར་འཇུག་པའི་དཔེ་ཚོགས་ཁག་དང་པོ་ཡིན་པ་དང་།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་སློབ་གསོའི་རང་ཡུལ་སློབ་དེབ་ཏུ་བྱས་འཚམ་པའི་མང་ཚོགས་ཀྱི་གོ་བདེའི་སློབ་དེབ་ཅིག་ཀྱང་ཡིན།          

        བདེ་ཆེན་གྱི་གཏམ་རྒྱུད་ཞེས་པ་དེ་ཁུལ་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཧྲུའུ་ཧྭ་ཡིས་རྩོམ་སྒྲིག་རྩ་འཛུགས་བྱེད་པ་དང་།   ཡུན་ནན་མི་དམངས་པར་སྐྲུན་ཁང་གིས་པར་སྐྲུན་པ།   དཔེ་ཚོགས་ཡོངས་ལ་ཡི་གེ་ཁྲི་15ལྷག་ཡོད་པ་རེད།   རྩོམ་སྒྲིག་བྱེད་མི་དག་གིས་དུས་ཡུན་ལོ་གཅིག་ལྷག་གིས་དུས་ཚོད་བགོར་ནས་བདེ་ཆེན་ཁུལ་གྱི་ས་བབ་གནས་ཚུལ་དང་ལོ་རྒྱུས།   མི་རིགས་ཆོས་ལུགས།   ཡུལ་སྐོར་རིག་གནས།  དེང་སྐབས་ཀྱི་རྣམ་པ་གསར་པ་སོགས་ཀྱི་ཆ་ཤས་བདུན་ལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱེད་པ་རེད།