བདེ་ཆེན་གྱི་རོལ་དབྱངས་པ་བློ་བཟང་ཉི་མ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        བློ་བཟང་ཉི་མ་ནི་འཇོལ་རྫོང་ནས་སྐྱེས་པ་དང་ཁོང་གི་རྒྱ་མིང་ལ་ཀུའོ་ཅན་ཧོང་ཡང་ཟེར།དུས་ཡུན་ལོ་བཅུ་ལྷག་གི་རིང་དུ་ཁོང་གི་ལས་བྱེད་ཁང་ནས་གླུ་སྡེར་50ལྷག་ཐོན་ཡོད་པ་དང་བདེ་ཆེན་གྱི་གླུ་བ་དང་གླུ་མ་མང་པོས་རྒྱལ་ནང་གི་གླུ་དབྱངས་འགྲན་བསྡུར་སོ་སོར་ལེན་ནས་བྱ་དགའ་དང་མཚན་སྙན་མང་པོ་ཐོབ་མྱོང་པ་རེད།


        1997ལོར་བདེ་ཆེན་དུ་ཁམས་པའི་སྒྱུ་རྩལ་དུས་ཆེན་བསྡུས་པ་དང་དུས་ཆེན་དེའི་སྐབས་སུ་རང་ས་གནས་ཀྱི་མགྲོན་བསུ་དང་མགྲོན་སྐྱེལ།  ཆང་གཞས་སོགས་གླུ་དབྱངས་འགའ་དགོས་པས། ཀུའོ་ཅན་ཧོང་དང་བཅས་པས་སྐལ་བཟང་ལགས་ཞེས་པ་ལ་སོགས་པའི་གླུ་དབྱངས་ཁག་གཅིག་གསར་རྩོམ་བྱེད་པ་རེད། དེའི་རྗེས་སུ་ཀུའོ་ཅན་ཧོང་གིས་མང་ཚོགས་ཀྱི་དགའ་ཞེན་ཆེན་མོ་ཐོབ་པའི་ས་གནས་འདི་གའི་གླུ་དབྱངས་མང་པོ་གསར་རྩོམ་བྱེད་པ་རེད།


        ཁོང་གིས་གླུ་དབྱངས་གསར་རྩོམ་བྱེད་དུས་མི་རིགས་དམངས་ཁྲོད་གླུ་གར་རྒྱུན་འཛིན་བྱེད་པའི་དུས་མཚུངས་སུ།  སྐོར་བྲོ་སོགས་བཅོས་སྒྲིག་བྱེད་དེ་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་གླུ་གར་ཁག་གཅིག་གསར་དུ་རྩོམ་པ་རེད།   མི་རིགས་ཀྱི་དམངས་ཁྲོད་གླུ་གར་འཚོལ་བསྡུ་བྱེད་དུས་ཁོང་གིས་བརྙན་དང་པར་རིས། ཡི་གེ་སོགས་ལ་བརྒྱུད་ནས་སྲུང་སྐྱོང་དང་གསར་གཏོད་མཉམ་འདྲེས་བྱེད་པ་རེད།


        ཁོང་གིས་བོད་ཀྱི་རོལ་དབྱངས་ནི་འཛམ་གླིང་ཐོག་ཆེས་སྙན་ཤོས་ཀྱི་རོལ་དབྱངས་རིགས་ཞིག་ཡིན་ལ།  ཉེ་བའི་ལོ་འགའི་རིང་དུ་རྒྱུ་རྐྱེན་མང་པོའི་དབང་གིས་འཚང་བའི་ཁོར་ཡུག་ཏུ་གནས་ཡོད་པས།   ད་ལྟ་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་དེང་རབས་ཅན་གྱི་རོལ་དབྱངས་ཐབས་རྩལ་སྤྱོད་དགོས་པ་དང་།  སྲོལ་རྒྱུན་གྱི་རོལ་དབྱངས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ་དེ་ཕྱིར་ཐོན་པར་འབད་དགོས་ཞེས་ཟེར།


        མིག་སྔར།  ཡུན་རིང་གི་ཚུན་དུ་གསར་རྩོམ་ལག་ལེན་དང་གཞུང་ལུགས་ཞིབ་འཇུག་ཟུང་དུ་འབྲེལ་བའི་ཀུའོ་ཅན་ཧོང་གིས་མི་རིགས་ཀྱི་གླུ་གར་ཕལ་ཆེར་500འཚོལ་བསྡུ་དང་ལེགས་སྒྲིག་བྱེད་ཡོད་པ་དང་། ཕུལ་དུ་བྱུང་བའི་དམངས་ཁྲོད་སྒྱུ་རྩལ་ན་ཁག་གཅིག་གསོ་སྐྱོང་བྱེད་ཡོད།  ད་དུང་མི་རིགས་དམངས་ཁྲོད་གླུ་གར་གྱི་རྒྱུན་འཛིན་གླུ་སྡེར་མང་པོ་པར་སྐྲུན་བྱེད་ཡོད་པ་རེད།