བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བཀྲ་ཤིས་མཚོ་མོའི་མཛད་རྗེས་ལ་སློབ་སྦྱོང་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་སུ་བློ་མཐུན་བཀྲ་ཤིས་མཚོ་མོར་སློབ་སྦྱོང་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པ་དང་།  ཁོ་མོས་ཏང་ལ་བཅངས་པའི་བློ་དཀར་གཞུང་དྲང་དང་།འགན་ལེན་བྱེད་ཕོད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད།བོད་ཁུལ་མང་ཚོགས་ལ་བཅང་བའི་བརྩེ་བ་བཅས་ལ་སློབ་སྦྱོང་བྱ་རྒྱུ་རེད།         བཀྲ་ཤིས་མཚོ་མོ།བུད་མེད། བོད་རིགས།    1985ལོའི་ཟླ7པར་སྐྱེས།འཇོལ་རྫོང་ཧྥའོ་ཧྲན་ཤང་གི་མི་ཡིན།      2018ལོའི་ཟླ4པའི་ཚེས2ཉིན་ཕྲུ་གུ་སྐྱེས་ནས་ངལ་གསོའི་དུས་ཡིན་ཡང་སྤྱི་བདེའི་ལས་ཀ་ལྗིད་ཞིང་མི་སྣ་ཉུང་བར་བསམ་ནས་ལས་གནས་སུ་ཞུགས།    ཟླ6པའི་ཚེས9ཉིན་མངག་གཏོང་ཁང་ནས་ཐང་ཆད་རྒྱུ་མང་དྲགས་པས་དྲན་པ་བརྒྱལ་བ་དང་།    མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་ལོ33ལ་ཐོན་ཡོད།