ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་འཁྲབ་ཚན་ཐོན་འདུག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        

        ཉེ་འདི་དག་ལ་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་འཁྲབ་ཚན་གནམ་སའི་འདྲེས་མཚམས་ཞེས་པ་དེ་བྲེལ་ཟིང་ངང་གྲ་སྒྲིག་བྱས་བཞིན་བའི་སྒང་ཡིན། 

        གནམ་སའི་འདྲེས་མཚམས་ཞེས་པའི་བྱེད་སྒོའི་བརྗོད་གཞི་འདི་ནི་བདེ་ཆེན་གྱི་གྲངས་ཉུང་མི་རིགས་སོ་སོ་དང་སྣ་མང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་ཞིག་ཡིན་ལ།དེའི་ཁྲོད་ཡུལ་ཤུལ་གྱི་སྐོར་བྲོ་དང་ཆབ་མདོའི་རས་པ། དཀར་མཛེས་ཀྱི་སྒྲ་སྙན་ཞབས་བྲོ་སོགས་ས་ཁུལ་གྱི་གླུ་གར་རྒྱུ་ཆ་འདུས་ཡོད་དེ།ཁམས་ཕྱོགས་ཀྱི་ཁུལ་བཞི་བོ་དར་རྒྱས་གོང་འཕེལ་བྱུང་ཡོད་པ་མཚོན་ལ། ཁམས་པའི་མི་དམངས་མང་ཚོགས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་འཁྲིད་འོག་དཔའ་ངར་ཞུམ་མེད་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་དང་འཆམ་མཐུན་གྱི་ཁྱིམ་གཞིས་འཛུགས་སྐྲུན་གྱི་སྙིང་སྟོབས་མཚོན་ཡོད་པ་རེད། 

        འགོ་ཚུགས་མཛད་སྒོ་དེ་བསྡོམས་པས་ཁག་ལྔ་ཡོད་དེ་གཤམ་གསལ་ལྟར།

        ༡、མེད་ལྷ་དར་དཀར་བོ་ཞེས་པས་ཕྱོགས་བཞིའི་མགྲོན་པོ་བསུ་བ་རེད།

        ༢、འཆམ་མཐུན་གྱི་ཁྱིམ་གཞིས། 

        ༣、གནམ་སའི་འདྲེས་མཚམས། 

        ༤、 ཁ་མདོག་རྣམ་པར་བཀྲ་བའི་ཁམས་པ། 

        ༥、མཇུག་བསྡུའི་འཁྲབ་སྟོན་རྟག་བརྟན་གྱི་སེམས་ཀྱི་ཉི་ཟླ་ཞེས་པ་དེ་ཡིན་ལ།ཁམས་པའི་མང་ཚོགས་ཀྱིས་མཐུན་པའི་ལག་རྡབ་སྦྲེལ་ནས་མཉམ་དུ་ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་རོལ་བ་ཞིག་ཡིན།