བོད་ལྗོངས་ཀྱིས་སྐབས་དང་པོའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-08   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

 

        ཟླ8པའི་ཚེས6ཉིན། དུས་ཡུན་ཉིན3ཡིན་པའི་བོད་ལྗོངས་ཀྱི་སྐབས་དང་པོའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ལྷ་ས་ནས་བསྡུས།གླེང་སྟེགས་ལས་འབྲི་གཡག་ཐོན་ལས་ཀྱི་གནས་བབ་དང་། ཐོན་ལས་ཀྱི་གསར་སྐྲུན་འདུ་ཤེས།གནད་འཕིགས་དབུལ་སྐྱོར་བྱ་བ་བཅས་ཀྱི་ཕྱོགས་ནས་ལྷ་ས་གྲོང་ཁྱེར་གྱི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་སྟེ་འདམ་གཞུང་རྫོང་གི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས།བོད་ལྗོངས་ཀྱིས་ཅི་ལྟར་མཐོ་སྒང་གི་དེང་རབས་ཞིང་ཕྱུགས་འཕེལ་རྒྱས་སུ་གཏོང་རྒྱུ་དང་།ས་ཁུལ་གྱི་དཔལ་འབྱོར་སྒྲིག་གཞི་སྤོ་སྒྱུར་ལ་སྐུལ་འདེད་བཏང་ནས།རོང་འབྲོག་མང་ཚོགས་རྣམས་ཀྱི་ཡོང་སྒོ་འཕར་སྣོན་དང་ཕྱུག་སྒྱུར་བྱུང་བར་སྣེ་ཁྲིད་བྱེད་པ་བཅས་ཀྱི་ཕྱོགས་ནས་གླེང་མོལ་དང་བསམ་བློ་བརྗེ་རེས་བྱས།