ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་བར་ལ་ཕུག་ལམ་ཡོངས་སུ་ཏལ་འབིགས་ཐུབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-02   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།


འདི་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་བར་ལ་ཕུག་ལམ་ཏལ་འབིགས་གཏོང་མཁན་ཚོས་ཕུག་ལམ་ཏལ་འབིགས་ཐུབ་པར་རྟེན་འབྲེལ་ཞུ་བའི་གནས་ཚུལ་ཡིན་པ།

        ཟླ་7ཚེས་30ཉིན་ལྷ་ས་ནས་ཉིང་ཁྲིའི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་བར་ལ་ཕུག་ལམ་འཛུལ་སྒོའི་གཡོན་ངོས་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་ཡོད་པ་རེད། བར་ལ་ཕུག་ལམ་ནི་ཁྲོན་བོད་ལམ་ཐིག(རྒྱལ་ལམ་318)ལྷ་ཉིང་དུམ་བུའི་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་ཁྱོན་རིང་ཚད་སྨི་5720ཟིན་ཞིང་། གཡས་ངོས་ཕུག་ལམ་འདི་ལོའི་ཟླ་6པར་ཏལ་འབིགས་ཐུབ་ཡོད། ཕུག་ལམ་འདི་ནི་ལམ་ཐིག་གཉིས་ཁ་གྱེས་པའི་ཕུག་ལམ་ཡིན་པ་དང་ཕྱོགས་གཉིས་ལ་འཁོར་ལམ་བཞི་རིམ་པའི་གཞུང་ལམ་ཚད་གཞིར་གཞིགས་ཏེ་བསྐྲུན་པ་ཞིག་རེད། ལྷ་ཉིང་གཞུང་ལམ་ཧྲིལ་པོར་རིང་ཚད་སྤྱི་ལེ་400ཙམ་ཟིན་པ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་10པར་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།