མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་གི་ཁུལ་ཁོངས་མཉམ་འགུལ་རོགས་ལས་ཚོགས་འདུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དུ་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-02   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ7པའི་ཚེས31ཉིན་གྱི་སྔ་དྲོར།     མཚོ་སྔོན་དང་ཀན་སུའུ།   སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་གི་ཁུལ་ཁོངས་མཉམ་འགུལ་རོགས་ལས་ཚོགས་འདུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དུ་བསྡུས།   ཞིང་ཆེན་གསུམ་གྱི་ཁུལ་ལྔ་དང་རྫོང་བཅུ་བདུན་ནས་ཡོང་བའི་འགན་ཁུར་མི་སྣ་གཙོ་བོས་མཚོ་སྔོན་དང་ཀན་སུའུ།  སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་གི་ཁུལ་ཁོངས་མཉམ་འགུལ་རོགས་ལས་སྒྲོམ་གཞིའི་གྲོས་མཐུན་གྱི་ཁ་གསབ་གྲོས་མཐུན་བཀོད་དེ་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས།   ཚན་རིག་རིག་གནས།  སྤྱི་ཚོགས་བཅོས་སྐྱོང་སོགས་ཐད་ནས་མཉམ་ལས་གྲོས་མཐུན་བྱུང་།

        མཚོ་སྔོན་དང་ཀན་སུའུ།  སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་གི་བར་ཐག་ཉེ་བ་དང་མི་དམངས་བར་གྱི་མཛའ་བརྩེ་ཟབ་ལ།  རིག་གནས་དང་འཕེལ་རྒྱས་ཐད་ཕན་ཚུན་འབྲེལ་བ་ཡོད་པས་བོད་ཁུལ་གྱི་བྱ་བར་སྐུལ་འདེད་གཏོང་བའི་ས་ཁུལ་གཙོ་བོ་ཡིན།    ཞིང་ཆེན་གསུམ་གྱི་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་གི་ཁུལ་ཁོངས་མཉམ་འགུལ་རོགས་ལས་སྤེལ་བ་དེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བཏོན་པའི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  སི་ཁྲོན་དང་ཡུན་ནན།    ཀན་སུའུ།   མཚོ་སྔོན་བཅས་ཀྱི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་བའི་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཡོད་པ་དང་།       མཉམ་སྲུང་དང་མཉམ་འགུལ།   མཉམ་འབྲེལ།   མཉམ་གཉེར།  མཐུན་འབྲེལ་བཅས་ནང་དོན་གཙོ་བོ་ཡིན་པའི་ཁུལ་ཁོངས་རོགས་ལས་ནང་རྐྱེན་གྱིས་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་གི་ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན།

        ཐེངས་འདིའི་མཉམ་འགུལ་མཐུན་སྦྱོར་རོགས་ལས་ཚོགས་འདུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད།   ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་འགན་སྒྲུབ་བྱས་ཏེ་བསྡུས་པ་རེད།