3159མདོ་དབུས་མཐོ་སྒང་ཞེས་པའི་ནས་རག་ཚོང་རར་ཐོན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


མདོ་དབུས་མཐོ་སྒང་ཞེས་པའི་ནས་རག་གི་བྲོ་གཟིགས་འདུ་ཚོགས་ཀྱི་ཡུལ་དངོས།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  སེམས་ཀྱི་ཉི་ཟླ་ཆང་རག་མ་རྐང་ཚད་ཡོད་ཀུང་སིས་རང་ཡུལ་གྱི་ཚོང་རར་3159 མདོ་དབུས་མཐོ་སྒང་ཞེས་པའི་ནས་རག་བཙོང་འགོ་བཙུགས་པ་རེད།  


3159མདོ་དབུས་མཐོ་སྒང་ཞེས་པའི་ནས་རག

        3159 མདོ་དབུས་མཐོ་སྒང་ཞེས་པའི་ནས་རག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱལ་ཐང་གྲོང་རྡལ་དང་ཡང་ཐང་གྲོང་རྡལ་སོགས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་3159ཡན་གྱི་ས་ཆ་ནས་ཐོན་པའི་ནས་དམར་ཡིས་རྒྱུ་ཆའི་གཙོ་བོར་བྱས་ནས་བཟོ་པ་རེད།  


ནས་རག་དེའི་རྒྱུ་ཆ་གཙོ་བོ་སྟེ་ནས་དམར།

        སེམས་ཀྱི་ཉི་ཟླ་ཆང་རག་མ་རྐང་ཚད་ཡོད་ཀུང་སི་ནི་2000ལོའི་ཟླ་1པོའི་ཚེས་27ཉིན་དུ་བཙུགས་པ་ཡིན་ལ།   མདོ་དབུས་མཐོ་སྒང་ཞེས་པའི་ཚོང་རྟགས་ནི་ཀུང་སི་དེས་2002ལོར་ཐོ་འགོད་བྱས་པ་རེད།