བོད་ཀྱི་གསོ་བ་རིག་པའི་《རྒྱུད་བཞི་》《འཛམ་གླིང་དྲན་འཆར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་མིང་གཞུང་》དུ་ཚུད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-27   རྩོམ་ཁུངས།    མི་དམངས་དྲ་བ།

        མི་དམངས་ཉིན་རེའི་ཚགས་པར་ཕྱི་རྒྱལ་པར་ངོས་སུ་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང《རྒྱུད་བཞི》《འཛམ་གླིང་དྲན་འཆར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་མིང་གཞུང》དུ་ཚུད་པས་བོད་ཀྱི་གསོ་བ་རིག་པའི་མིང་གྲགས་སྔར་བས་ཆེ་རུ་ཕྱིན་པ་དང་འབྲེལ། བོད་ཀྱི་གསོ་བ་རིག་པའི་རིག་གནས་དར་སྤེལ་གཏོང་རྒྱུའི་རྒྱལ་སྤྱི་ཅན་གྱི་སྤེལ་རེས་སྟེགས་བུ་མཁོ་འདོན་ཐུབ་ཡོད།
        སྨན་རྩིས་ཁང་གིས་ཉར་ཚགས་བྱས་པའི་《རྒྱུད་བཞི་》ལ་ཤིང་བརྐོས་པར་མ་བཞི་ཡོད་དེ། གྲྭ་ཐང་པར་མ་དང་། རྟག་བརྟན་པར་མ། ལྕགས་པོ་རིའི་པར་མ། དགའ་ལྡན་ཕུན་ཚོགས་གླིང་པར་མ་བཅས་དང་། གསེར་བྲིས་པར་མ་གཅིག་ཡོད་པ་ལས། ཤིང་བརྐོས་པར་མ་སྔ་ཤོས་ནི་1546ལོར་བརྐོས་པའི་གྲྭ་ཐང་པར་མ་རེད། དེའི་ཡིག་གཟུགས་གསལ་བ་དང་། ཉར་ཚགས་ལེགས་པ། སྐྱོན་ཆག་མེད་ལ་བར་གསེང་དུ་ཚོན་ཁྲ་ཅན་གྱི་རི་མོ་བཀོད་ཡོད། ཤིང་བརྐོས་པར་མ་རིགས་བཞིའི་《རྒྱུད་བཞི་》ནི་འཛམ་གླིང་དུ་ཉར་ཚགས་ཡག་ཤོས་བྱུང་བའི་པར་མ་ཡིན་པ་དང་གསེར་བྲིས་པར་མ་ནི་འཛམ་གླིང་དུ་གསེར་བྲིས་གསོ་རིག་གི་ཚད་ལྡན་ཡིག་ཆ་འབའ་ཞིག་དེ་རེད།