ཆར་ཆུ་འཕེལ་བའི་དུས་སུ་བདེ་འཇགས་ལ་གཟབ་རོགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་དྲུག་པའི་ཟླ་སྨད་ཀྱི་ཚུན་དུ།  བདེ་ཆེན་ནང་ཁོངས་སུ་ཆར་ཆུ་འཕེལ་པས།  ཤང་དང་གྲོང་རྡལ་མི་ཉུང་བར་ཆུ་ལོག་བྱུང་བ་དང་།  རི་རྡིབ་པ།   རྡོ་རུད་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད།  




        ཤེས་རྟོགས་བྱུང་དོན།  ཟླ7པའི་ཚེས་18ཉིན་གྱི་བར་དུ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡོངས་སུ་གནོད་སྐྱོན་ཕོག་པའི་མི་འབོར་17365ཟིན་པ་དང་།  མི་འབོར་249གནས་སྤོ་བ།   ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲོ་10623ཟིན་པ།  ལོ་ཏོག་མུའུ་2169ལ་གནོད་སྐྱོན་བྱུང་བ་དང།  དཔལ་འབྱོར་ལོ་ཏོག་སྒོར་ཁྲི་783.27གྱི་གྱོན་གུན་བྱུང་བ།  གཞུང་ལམ་59བར་མཚམས་ཆད་པ།  གློག་འདོན་ཐེངས་11བར་མཚམས་ཆད་པ་རེད།




        འབའ་ལུང་རྫོང་ཨུའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན།  ཟླ7པའི་ཚེས་16ཉིན་གྱི་བར་དུ།  རྫོང་ཡོངས་སུ་ཤང་གྲོང་8ཀྱི་མི་འབོར་578ལ་གནོད་སྐྱོན་བྱུང་ཡོད་པ་དང་།  ལོ་ཏོག་མུའུ་821གནོད་སྐྱོན་བྱུང་བ།   དཔལ་འབྱོར་ལོ་ཏོག་སྒོ་ཁྲི་6.2གྱོང་གུན་བྱུང་བ།  གྲོང་གསེབ་ཀྱི་གཞུང་ལམ་ཁག་41རྡིབ་པ།  ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་141.89ཟིན་པ་རེད།  




        གཞན་ཤེས་རྟོགས་བྱུང་དོན།   རང་ཁུལ་དུ་ཆར་བ་འབབ་པའི་གནམ་གཤིས་དེ་ད་དུང་ཉི་མ་འགའ་རྒྱུན་མཐུད་བྱེད་རྒྱུ་རེད། དེའི་ཕྱིར།  ཚང་མས་གནམ་གཤིས་ངན་པའི་དུས་སུ་བདེ་འཇགས་ལ་ཡིད་གཟབ་བྱེད་རོགས།  གཅིག་ནི་ཆུ་ལོག་བྱུང་སླ་བའི་རི་ལུང་དང་གཞུང་ལམ་སོགས་ཀྱི་ས་གནས་ལ་གཟབ་དགོས་པ་དང་།  གཉིས་ནི་འགྲིམ་འགྲུལ་གྱི་བདེ་འཇགས་ལ་གཟབ་དགོས་ཏེ།  ཆར་པ་བབས་ནས་ལམ་འདྲེད་སླ་བས་རང་གིས་རླངས་འཁོར་གཏོང་ཡོད་མེད་ལམ་དུ་འགྲོ་དུས་གཟབ་དགོས།   གསུམ་ནི་ཐོག་རྒྱག་པ་ལ་ཡིད་གཟབ་བྱེད་དགོས་དུས།  འབྲུག་གློག་ཡོད་པའི་དུས་སུ་ཁ་པར་དང་གློག་བརྙན་སོགས་སྤྱོད་མི་རུང་པ་དང་།  ཕྱིར་ཡང་མི་ཐོན་ན་ལེགས་ལ་མི་ཐོན་ཐབས་མེད་ཡིན་ན་ཤིང་ཕོང་ཞབས་གབ་མི་རུང་ལ་ལྕགས་རིགས་ཀྱི་གཡུ་བ་ཡོད་པའི་གདུགས་ཀྱང་སྤྱོད་མི་རུང་།