སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གནད་འཕིཌ་དབུལ་སྐྱོར་བཀོད་སྒྲིག་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       ཟླ7པའི་ཚེས་15ཉིན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གནད་འཕིགས་དབུལ་སྐྱོར་གྱི་རྨང་ནས་གཏོར་བའི་བཀོད་གཏོང་ཚོགས་འདུ་འཚོགས།   ཚོགས་འདུའི་ཐོག   རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་འཕིགས་དབུལ་སྐྱོར་གྱི་ལས་ཀ་ཁག་ཞིབ་ཚགས་དང་དངོས་གནས་སྒྲུབ་དགོས་པ་དང་།  དབུལ་སྐྱོར་གྱི་འཐབ་ས་དང་པོར་ཟབ་ཞུགས་བྱེད་པ་དང་།  གནད་དོན་རེ་རེ་བཞིན་གསལ་རྟོགས་བྱས་ཏེ་ཐག་བཅོད་བྱེད་དགོས། དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


       ཚོགས་འདུའི་ཐོག་ནན་བཤད་བྱེད་དོན།  ཞིབ་བཤེར་བསུ་བའི་ལས་ཀ་ཁག་ཡག་པོ་སྒྲུབ་པའི་ཆེད་དུ།  ལས་ཁུངས་ཁག་དང་ཤང་གྲོང་ཁག་གིས་གནས་སུ་འབྱོར་བ་གསུམ་བརྩི་དགོས་ཏེ།  གཅིག་ནི་འབྲེལ་གཏུག་འགོ་ཁྲིད་ཀྱི་འགན་ཁྲིད་དོན་འཁྱོལ་གནས་སུ་འབྱོར་དགོས།   འབྲེལ་གཏུག་འགོ་ཁྲིད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་སྟོབས་ཤུགས་ཇེ་ཆེར་བཏང་ནས།  ཞིབ་བཤེར་བསུ་བའི་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་ལས་གནས་བརྟན་སྲུང་བྱས་ཏེ་ནན་ཏན་གྱིས་ལས་ཀ་སྒྲུབ་དགོས།  གཉིས་ནི་ཞིབ་བཤེར་བསུ་བའི་གྲ་སྒྲིག་ལས་ཀ་ཁག་དངོས་གནས་སུ་འབྱོར་དགོས།  ཁོར་ཡུག་འཕྲོད་བསྟེན་ལེགས་སྒྲིག་ལས་ཀ་ཡག་པོ་སྒྲུབ་དགོས་པ་དང་།  གྲོང་ཚོའི་རྣམ་པ་གཙང་མ་ཁག་ཐེག་བྱས་ནས་ཞིབ་བཤེར་བསུ་བའི་ལས་ཀ་ལ་ཁོར་ཡུག་ཡག་པོ་སྐྲུན་དགོས།  རྗེས་ཤུལ་ལས་ཀ་ཁག་ལེགས་སྒྲིག་དང་དོ་དམ་ཡག་པོ་བྱེད་དགོས།  ནན་ཏན་ངང་དབུལ་སྐྱོར་སྐོར་གྱི་སྲིད་ཇུས་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་དུས་རྒྱུན་གྱི་ལས་ཀ་ཁག་ཡག་པོ་སྒྲུབ་དགོས།  གསུམ་ནི་གྲོང་ཁྱེར་ཡོངས་ཀྱི་སྲིད་ཇུས་ཀྱི་ཁ་ཚད་གཅིག་གྱུར་གནས་སུ་འབྱོར་དགོས།   ལས་ཁུངས་ཁག་དང་ཤང་གྲོང་ཁག་གི་ཞིབ་བཤེར་བསུ་བའི་ཡིག་ཆའི་ཁྲོད་དུ།  གྲོང་ཁྱེར་ཡོངས་ཀྱི་2015ལོར་གནད་འཕིགས་དབུལ་སྐྱོར་ལས་ཀ་སྤེལ་བ་ནས་བཟུང་སྤྱོད་པའི་བྱེད་ཐབས་དང་ཐོབ་པའི་གྲུབ་འབྲས་དངོས་ནས་བཏོན་དགོས།  དེའི་དུས་མཚུངས་སུ།  གྲུབ་འབྲས་དཔྱད་ཞིབ་ཁྲོད་དུ་ཡོད་པའི་གནད་དོན་དག་ཐག་བཅོད་བྱས་ཚར་བར་མངོན་གསལ་བྱེད་དགོས་པ་དང་། དཀའ་ཁག་དང་གནད་དོན་ལན་སྤྲོད་བྱེད་དུས་དངོས་ཐོག་བདེན་འཚོལ་བྱེད་དགོས་པ་དང་།   དབུལ་སྒྲོལ་ལས་ཀ་དངོས་དོན་སྒྲུབ་དགོས་པ།  དབུལ་སྒྲོལ་གོ་རིམ་བརྟན་པོ་ཡིན་དགོས་པ།  དབུལ་སྒྲོལ་གྲུབ་འབྲས་ངོ་མ་ཡིན་དགོས།