རྒྱལ་ཐང་གི་རྟ་རྩལ་པ་བཀྲ་ཤིས་ཆོས་འཕེལ་གྱི་གཏམ་རྒྱུད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        


        སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་ནི་ལོ་རེའི་ལུགས་རྙིང་གི་ཟླ་ལྔ་པའི་ཚེས་ལྔ་ཉིན་ནས་སྡུད་པ།དེ་ནི་སེམས་ཀྱི་ཉི་ཟླའི་གཟབ་རྒྱས་ཆེས་ལྡན་པའི་སྲོལ་རྒྱུན་གྱི་དམངས་ཁྲོད་དུས་ཆེན་ཞིག་ཡིན།

        ལྔ་པའི་རྟ་རྒྱུག་གི་ལོ་རྒྱུས་འབྱུང་ཁུངས་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་ལོ་གཉིས་པ་(1724)ནས་ཡིན།སྐབས་དེར།ལོ་རེ་བཞིན་གྱི་ཟླ་ལྔ་པའི་ཚེས་ལྔ་ཉིན་ནས་ཚེས་བརྒྱད་ཉིན་བར་ས་གནས་ནང་གི་མི་ཚང་མས་རྟ་རྒྱུག་དང་མདའ་རྒྱག་པ།དེ་ལྟར་དུས་ཡུན་རིང་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་དང་མཉམ་རོལ་བྱེད་པ།ས་གནས་དེ་གའི་མང་ཚོགས་རྣམས་ཀྱིས་ནགས་ལྕོག་རི་བོ་དང་ལ་རྩ་ཐང་ནས་རྟ་རྒྱུག་པ་དང་སྐོར་བྲོ་འཁྲབ་པ།ཤེད་ཚད་པ།ཐག་འཐེན་སོགས་བྱེད་སྒོ་སྣ་མང་བསྡུས་པ།


        དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས།རྟ་རྒྱུག་གི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པོར་གྱུར།ད་ལྟར་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་ཏུ་རྟ་རྒྱུག་ལས་གཞན།མི་རིགས་རིག་གནས་ཀྱི་འགྲེམ་སྟོན་དང་དཔལ་འབྱོར་བརྗེ་རེས་སུ་གྱུར་བས།ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་བྱེད་སྒོ་ཞིག་ཏུ་གྱུར་བ་དང་ཁམས་པའི་ཕོ་གསར་གྱིས་རྟ་རྩལ་འཁྲབ་སྟོན་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཏུ་གྱུར་བ་རེད།


        བཀྲ་ཤིས་ཆོས་འཕེལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་སྡེ་ནས་ཡིན།ཁོང་གི་ཕ་ཡུལ་ལ་རང་བྱུང་གི་འབྲུག་ར་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡང་ཡོད་དེ། ཕོ་གསར་རྣམས་ལ་རྟ་རྒྱུག་ཁོར་ཡུག་ལེགས་པོ་ཞིག་མཁོ་སྤྲོད་བྱེད་ཡོད།ལོ་ན་16ཟིན་པའི་དུས་བཀྲ་ཤིས་ཆོས་འཕེལ་ས་གནས་དེ་གའི་རྟ་རགས་སུ་ཞུགས་པ་དང་ཁོང་གི་ཐོག་མའི་དགེ་རྒན་ནི་ཁོང་རང་གི་ཨ་ཕ་ངག་དབང་བློ་བཟང་ཡིན།


        རྟ་རགས་སུ་རྟ་བཞོན་སྦྱོང་བརྡར་བྱེད་དུས།ཐོག་མར་ས་ངོས་ཐོག་རྟ་རྩལ་སྦྱོང་བརྡར་བྱེད་པ་དང་།དེའི་རྗེས་སུ་རྟ་ཐོག་སྦྱོང་བརྡར་བྱེད་པ།རྟ་ཐོག་ལངས་པ་དེ་ནི་དུས་ཡུན་ཟླ་2རིང་ལ་སྦྱོང་བརྡར་བྱེད་དགོས་པ་རེད།

        སྐབས་དེའི་རྟ་རགས་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་རྟ་བདམས་ཐོན་བྱས་ནས་རྟ་རྩལ་པ་རེ་ལ་རྟ་རེ་རེ་བགོས་ཡོད།ཆ་རྒྱུས་མེད་པའི་རྟ་དང་རྟ་རྩལ་པའི་བར་ལ་མ་གྲོས་མོས་མཐུན་སྤུ་ཙམ་ཡང་མེད་པས།རྟ་རྩལ་པ་རྣམས་ཀྱིས་སྦྱོང་བརྡར་བྱེད་པའི་སྐབས་སུ་རྨས་བྱུང་སླ་བ་རེད།

        ཐེངས་དང་པོ་རྟ་ཐོག་ལངས་ནས་སྦྱོང་བརྡར་བྱེད་པའི་སྐབས་སུ།རྟ་ལས་ལྷུང་བས་མ་ནེ་བཤུས་པ་དང་ལག་པའི་རུས་པ་ཆག་པ།སོག་ཞིག་ཡང་ལྷུང་སོང་བཀྲ་ཤིས་ཆོས་འཕེལ་གྱིས་འདི་འདྲ་བཤད་བྱུང་།

        བཀྲ་ཤིས་ཆོས་འཕེལ་གྱི་ཨ་ཕས་རྟ་མང་པོ་གསོས་ཡོད།རྟ་ནག་ནི་དེ་ནང་གི་ཞིག་ཡིན།ཁོང་གི་ཨ་ཕས་ནས་དང་བུ་རམ།ཕག་ཚིལ།ཆང་བཅས་ཉིན་འགའ་སྙལ་ནས་རྟ་ཚོགས་ལ་སྟེར་པ་དང་།དབྱར་ཁར་ཁོང་གིས་རྟ་ཚོགས་ནགས་ཕག་མཚོར་ཁྲིད་དེ་འཚོ་བ་རེད།


        རྗེས་མར་རྟ་ནག་བཀྲ་ཤིས་ཆོས་འཕེལ་གྱི་རྐྱ་རྟ་ཏུ་གྱུར་བ།ཐེངས་གཅིག་ཏུ་རྟ་ཐོག་ཁ་བཏགས་འཐུ་བ་སྦྱོང་བརྡར་བྱེད་པའི་སྐབས་སུ།ངས་གཡན་ཕྱོགས་ཀྱི་ཁ་བཏགས་འཐུ་བའི་སྐབས་རྐང་པ་གཡོན་པ་རྐང་ཡོབ་ལས་ཐོན་ཏེ།རྐང་བ་གཡས་པ་ད་དུང་རྐང་ཡོབ་ཏུ་ཡོད་པས།རྟ་ལས་ལྷུང་བའི་ཉེན་ཁ་ཤིན་ཏུ་ཆེན་མོར་གྱུར།འོད་ཀྱང་རྟ་ནག་གིས་དུས་ཐོག་ཏུ་གོམ་ཚད་དེ་བས་དལ་དུ་སོང་སྟེ་ཉེན་ཁ་དེ་འགོག་པ་བཀྲ་ཤིས་ཆོས་འཕེལ་གྱིས་འདི་འདྲ་བཤད་པ། 

        རྟ་ནག་དང་བཀྲ་ཤིས་ཆོས་འཕེལ་གཉིས་ཀྱིས་མཉམ་ལས་བྱེད་ཐེངས་མང་བ་དང་དུས་རྒྱུན་དུ་སྦྱོང་བརྡར་མཉམ་པོ་བྱས་ནས།མ་གྲོས་མོས་མཐུན་ཆེན་མོ་ཡོད།འགྲན་བསྡུར་བྱེད་པའི་སྐབས་སུ།བཀྲ་ཤིས་ཆོས་འཕེལ་གྱིས་མཐུར་ཐག་གི་སྒོ་ནས་གོམ་ཚད་བཀོད་འདོམས་བྱེད་ཐུབ་པ་རེད།




        ལོ་ན་16ལོན་པའི་བཀྲ་ཤིས་ཆོས་འཕེལ་འགྲན་བསྡུར་དུ་ཐེངས་དང་པོ་ཞུགས་པ་དང་དངུལ་གྱི་བྱ་དགའ་ཐོབ་པ།དེའི་རྗེས་སུ་ཞིང་ཆེན་ཕྱི་ནང་གི་འགྲན་བསྡུར་དུ་ཐེངས་མང་པོ་ཞུགས་པ་དང་བྱ་དགའ་མང་པོ་ཐོབ་པ།ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་འགྲན་བསྡུར་དུ་ཐེངས་དྲུག་ཞུགས་ཏེ།གསེར་གྱི་བྱ་དགའ་2དང་ཟངས་ཀྱི་བྱ་དགའ་3ཐོབ་པ།2008ལོར་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པ་དང་བདེ་ཆེན་ཁུལ་གྱི་དཔལ་འབར་འཁྱེར་མཁན་འཛིན་ནས་དཔལ་འབར་བརྒྱུད་སྤྲོད་བྱེད་པ།