རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
གནའ་མིའི་བཤད་སྲོལ་བཞིན་ཆར་རྗེས་ཀྱི་ཤ་མོ་ཟེར་བ་དེ་ཅི་མ་བདེན། ཉེ་ཆར་བསྟུད་མར་ཉིན་འགའི་རིང་ལ་ཆར་བ་བབས་པ་ན་རི་སྐྱེས་ཀྱི་ཤ་མོ་སྣ་ཚོགས་ལ་སྐྱེས་སྟོབས་ཀྱི་དཔལ་འབར་བ་རེད། དེར་བསྟུན་བེ་ཤ་དང་དམར་ཤ སོག་ཤ་སོགས་རི་སྐྱེས་ཤ་མོའི་རིགས་སྣ་ཚོགས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླའི་ཚོང་ར་ཁག་ལ་ཐོན།འདི་ནི་རི་སྐྱེས་ཤ་མོ་ཟ་རྒྱུར་དགའ་བའི་མི་རྣམས་ལ་མཚོན་ནས་བཤད་ན་གསོལ་ཟས་ཀྱི་ལོངས་སྤྱོད་ལ་རོལ་བའི་དུས་ཚོགས་ཤིག་ཅི་ལ་མིན།