ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཚོན་རྟགས་རི་མོ་དང་ཤིས་རྟེན་གཏན་ཁེལ་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སྐབས་བཅུ་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཚོན་རྟགས་རི་མོ་དང་ཤིས་རྟེན་གཏན་ཁེལ་བྱས་ཡོད་དེ་གཤམ་གསལ་ལྟར།



ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ལས་རྟགས་རི་མོའི་མཚོན་དོན།

    ༡、ལས་རྟགས་རི་མོ་ནི་རྒྱ་ཡིག་“艺”ཡི་བཟོ་ལྟ་ཡིན་ལ། བོད་ཡིག་ཏུ་སྒྱུ་རྩལ་གྱི་དོན་ཡིན་པ་རེད། འདིས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ཀྱི་རིག་གནས་དེ་ཁམས་པའི་ཡུལ་ཁོངས་འདིར་དྲིལ་བསྒྲགས་དང་ཤུགས་རྐྱེན་ལྡན་པ། འཕེལ་རྒྱས་གཏོང་བཞིན་པ་བཅས་མཚོན་ཡོད།

    ༢“艺”ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་འདིས་ཁམས་པ་ཕོ་རྒོད་མོ་རྒོད་རྣམས་ཀྱིས་གླུ་གར་གྱི་རྒྱས་སྟོན་ལ་རོལ་བཞིན་པ་མཚོན། རི་མོའི་སྟེང་གི་ཉི་མས་ཁམས་པའི་ཕོ་རྒོད་མཚོན་ལ། ཟླ་བས་ཁམས་པའི་མོ་རྒོད་མཚོན་པ་རེད། 

    ༣ཉི་ཟླ་གཉིས་ཀྱིས་སེམས་ཀྱི་ཉི་ཟླའི་མང་ཚོགས་ཀྱིས་ལག་ཟུང་དམ་པོར་སྦྲེལ་ནས་འཆམ་མཐུན་འཚོ་བར་བསྟོད་གླུ་འབུལ་བཞིན་པ་མཚོན།

    ༤མཁའ་ན་འཁྱུད་བཞིན་པའི་ཁ་བཏགས་བཞིས་ཁམས་པའི་ཡུལ་ཁོངས་ཀྱི་ཁུལ་བཞི་ཡོད་པའི་བོད་པ་མང་ཚོགས་བློ་སེམས་གཅིག་སྦྲེལ་དང་འཆམ་མཐུན་རོགས་མཐུན་གྱིས་འཚོ་བའི་རྣམ་པ་མཚོན་པ་རེད།

    ༥.ཁམས་པའི་ཁུལ་བཞི་བོ་ཚང་མ་ཆུ་ཆེན་གསུམ་མཉམ་བཞུར་གྱི་ཡུལ་དུ་ཆགས་པ་མཚོན་པ་རེད། 



        ཤིས་རྟེན་ནི་གཡག་ཆུང་ཆུང་གཉིས་ཡིན་ལ་ཏང་གི་དྲོལ་ཁོལ་ལྡན་པའི་སྲིད་ཇུས་བཟང་བོའི་འོག་ན་ཁམས་པའི་ཡུལ་ཁོངས་འདིར་འཚོ་བའི་མི་རིགས་སོ་སོ་མཐུན་སྒྲིལ་ཡང་རྒྱས་དང་འཆམ་མཐུན་མཉམ་གནས།དགའ་སྤྲོའི་འཛུམ་གྱིས་ཁེངས་པ། བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་བཅས་མཚོན་ཡོད།