ཀུའུ་ཁུན་གྱིས་དཀའ་ངལ་ཡོད་པའི་ཏང་ཡོན་རྒན་པོ་ལ་འཚམས་འདྲི་ཞུ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་1ཉིན།  ཁུལ་ཨུའི་ཧྲུའུ་ཅི།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁན་གྱིས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དང་།  རྒྱལ་ཐང་གྲོང་རྡལ་དུ་དཀའ་ངལ་ཡོད་པའི་ཏང་ཡོན་རྒན་པོ་ལ་འཚམས་འདྲི་ཞུ་བ་དང་།   ཁུལ་ཡོངས་ཀྱི་ཏང་ཡོན་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་རེད།  ཁོང་གིས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱེད་དགོས་པ་དང་གཞི་རིམ་ཏང་རྩ་འཛུགས་གི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་།  ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས།   དཔལ་འབྱོར་དར་འཕེལ་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་སྤེལ་གཏོང་དགོས་པ་དང་།   དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་བྱས་པ་རེད།