སྲོག་ཆགས་ཁྲ་དམར་བསྐྱབས་ནས་ཕྱིར་རང་བྱུང་ཁམས་སུ་བཏང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན་ཡུན་ནན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་པདྨ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་པའི་སྐབས་སུ་ལམ་ཁ་ནས་རྨས་སྐྱོན་ཕོག་ནས་འཕུར་ཐུབ་བཞིན་མེད་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཁྲ་དམར་ཞིག་རྙེད་ཞིང་། གསར་འགོད་པས་མྱུར་དུ་སྤྱི་བདེ་ཅུས་ལ་ཁ་པར་བཏང་ནས་སྐྱོབ་དུ་བཅུག་པ་རེད། 

         


         ཁུལ་ནགས་ཚལ་སྤྱི་བདེ་ཅུས་གྱིས་གཟའ་འཁོར་གཅིག་ལྷག་ལ་བདག་སྐྱོང་ལེགས་པོ་བྱས་པ་བརྒྱུད་ནས་ཁྲ་དམར་གྱི་རྨས་སྐྱོན་ཡོངས་སུ་སླར་གསོ་བྱུང་།  

         


        ཟླ་6པའི་ཚེ་26ཉིན། ཡུན་ནན་བལ་འཐག་མཚོ་སྲུང་སྐྱོབ་དོ་དམ་ཁང་དང་བལ་འཐག་མཚོ་ནགས་ཚལ་སྤྱི་བདེ་མངག་གཏོང་ཁང་གི་ལས་བྱེད་པ་རྣམས་ཀྱིས་མཉམ་དུ་ཁྲ་དམར་ཕྱིར་རང་བྱུང་ཁམས་ལ་བཏང་པ་རེད།