སྐད་ཚག་གྲོང་ཚོས་བདུན་གཅིག་ཏང་བཙུགས་ཉིན་ལ་དོན་སྙིང་ལྡན་པའི་བྱེད་སྒོ་སྣ་ཚོགས་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་7པའི་ཚེས་1ཉིན་སྔ་དྲོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚག་ཤང་སྐད་ཚག་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཡན་ལག་རུ་ཁག་གིས་“བདུན་གཅིག་ཏང་བཙུགས་ཉིན་”གྱི་བྱེད་སྒོ་སྣ་ཚོགས་གྲོང་ཚོ་ཨུ་ཡོན་ལྷན་ཁང་ནས་སྤེལ་ཞིང་། ཏང་ཡོན་རྣམས་ཀྱིས་རང་མི་རིགས་ཀྱི་རྒྱན་གོས་སྤྲས་ཤིང་སྤྲོ་སེམས་ཆེན་པོས་“བདུན་གཅིག་ཏང་བཙུགས་དུས་ཆེན་”བསུས་ལ།ཐེངས་འདིའི་བྱེད་སྒོར་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་རྒན་གཞོན་བརྒྱ་ལྷག་ཞུགས་ཡོད་པ་རེད། 


      བྱེད་སྒོའི་གདན་ཞུའི་དགེ་རྒན་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་གཞོན་པ་ཀྲང་གོ་ཧྭ་ཡིས་རྒྱ་ཆེའི་ཏང་ཡོན་རྣམས་ལ་བོད་སྐད་དག་མའི་ལམ་ནས་གུང་ཁྲན་ཏང་བཙུགས་པའི་ལོ་རྒྱུས་མདོར་བསྡུས་དང་། བདེ་ཆེན་དུ་ཀྲུང་གོ་གུང་ཁྲན་ཏང་བཙུགས་པའི་ལོ་རྒྱུས་མདོར་བསྡུས། ཏང་ཡོན་གྱི་འོས་འགན་གཙོ་བོ། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོབ།རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཅས་ཕྱོགས་དྲུག་གི་སྒོ་ནས་སློབ་ཁྲིད་གནང་།


 


 


        ཐེངས་འདིའི་བྱེད་སྒོའི་ནང་དོན་གཙོ་བོ་ཞིག་ཏེ་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་ཏུ་བསམ་པའི་དམ་བཅའ་བཞག་ལ།  ཏང་ཡོད་བརྒྱ་དང་ལྷག་གིས་མཉམ་དུ་སྐད་ཤུགས་ཆེན་པོས་དམ་བཅའ་བཞག་ཏེ། ཁོ་ཚོས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་ཏང་ལ་བློ་དཀར་བའི་སེམས་ཤུགས་མཚོན་པར་བྱས་པ་རེད། དམ་བཅའ་བཞག་རྗེས། ཏང་ཡོན་ཁྱིམ་ཚང་150ཀྲུང་གོ་གསར་བའི་མི་རབས་ལྔའི་རླངས་ཆེན་གྱི་དབུ་ཁྲིད་ལྔ་བོ་དང་ཁོ་ཚོའི་གསུང་བཤད་གལ་ཆེན་བྲིས་ཡོད་པའི་པར་ཆ་ཚང་རེ་བྱིན། 

      ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སྐད་ཚག་གྲོང་ཚོས་དབུལ་སྒྲོལ་འགག་སྒྲོལ་ཐད་བླངས་པའི་གྲུབ་འབྲས་དང་མ་འོངས་པའི་འབད་ཕྱོགས། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ནས་གཏམ་བཤད་གལ་ཆེན་གནང་པ་རེད།