སྨན་རི་བུམ་པའི་རྒྱལ་ཁབ་བཞིའི་ལས་རིགས་ལག་རྩེད་སྤོ་ལོའི་རྩོད་པའི་འགྲན་བསྡུར་དེ་འཇོལ་རྫོང་དུ་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས་22ཉིན་ནས་ཚེས་24ཉིན་གྱི་བར་དུ།  སྨན་རི་བུམ་པའི་རྒྱལ་ཁབ་བཞིའི་ལས་རིགས་ལག་རྩེད་སྤོ་ལོའི་རྩོད་པའི་འགྲན་བསྡུར་དེ་འཇོལ་རྫོང་དུ་བསྡུས་ཏེ།   ཀྲུང་གོའི་ལས་རིགས་ལག་རྩེད་སྤོ་ལོའི་ཅི་ལིན་བྱང་ཤར་གྱི་སྟག་གི་རུ་ཁག་དང་།  ཨ་རིའི་SMAAསྐར་ཆེན་རུ་ཁག   ལི་ཐུ་ཝན་ནི་ཡའི་BCཡིའུ་ན་ཝ་རུ་ཁག    སི་ཕེན་གྱི་པ་ལུང་སའེ་སི་ཐུའོ་རུ་ཁག་བཅས་རྒྱལ་ཁབ་བཞི་ནས་ཡོང་བའི་ལག་རྩེད་སྤོ་ལོའི་རུ་མི་ཁག་གིས་འཇོལ་དུ་ཛ་དྲག་ཆེ་བའི་ལག་རྩེད་སྤོ་ལོའི་ལྟད་མོ་ཞིག་བསྟན་པ་རེད།        ཛ་དྲག་ཆེ་བའི་འགྲན་བསྡུར་དེ་མ་ཚད།  ཐེངས་འདིའི་འགྲན་བསྡུར་དུ་ད་དུང་ཞི་ཉི་ཨོ་རྩེད་འགྲན་ཚོགས་ཀྱི་ལག་རྩེད་སྤོ་ལོའི་འགྲན་བསྡུར་དུ་ཞུགས་མྱོང་པ་དང་།རྒྱལ་ཡོངས་སྐད་གྲགས་ཆེ་བའི་རྒྱལ་སྤྱི་རིམ་པའི་ཤན་འབྱེད་པ་དབྱང་མའོ་ཀུང་དང་།   CBAདང་WCBA   CBL སོགས་རྒྱལ་ནང་གི་འགྲན་བསྡུར་ཆེན་མོར་ཞུགས་མྱོང་པ་དང་། རང་རྒྱལ་གྱི་ཚབ་བྱས་ནས་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་བསྡུར་དུ་ཤན་འབྱེད་བྱས་མྱོང་པའི་ཝང་མའེ།   ཡུན་ནན་ཞིང་ཆེན་གྱི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  ཤན་འབྱེད་ཨུ་ལྷན་གྱི་ཀྲུའུ་རེན།   ཡུན་ནན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཚུའེ་ཡུའེ་ལིན།  དེ་མིན་ཀྲུའུ་ཧའེ་ཡིང་དང་ཧྲེན་ཧའེ་པོ།  ལིའུ་ཞང་། ལི་ཡིའུ་སོགས་CBAཡི་སྐད་གྲགས་ཡོད་པའི་ཤན་འབྱེད་པ་མང་པོ་གདན་དྲངས་ཡོད་པ་རེད།        

        ཤེས་རྟོགས་བྱུང་དོན། འཇོལ་རྫོང་གི་2018ལོའི་སྨན་རི་བུམ་པའི་རྒྱལ་ཁབ་བཞིའི་ལས་རིགས་ལག་རྩེད་སྤོ་ལོའི་འགྲན་བསྡུར་ནི་སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོ་ཞིག་ཡིན་ལ།  འགྲན་བསྡུར་ཐེངས་དྲུག་རྩོད་རྗེས་ སི་ཕེན་གྱི་པ་ལུང་སའེ་སི་ཐུའོ་རུ་ཁག་གིས་ཨང་དང་པོ་བླངས་པ་དང་། ཨ་རིའི་SMAAསྐར་ཆེན་རུ་ཁག་གིས་ཨང་གཉིས་པ་བླངས་པ།  ཀྲུང་གོའི་ལས་རིགས་ལག་རྩེད་སྤོ་ལོའི་ཅི་ལིན་བྱང་ཤར་གྱི་སྟག་གི་རུ་ཁག་གི་ཨང་གསུམ་པ་བླངས་པ་རེད།