སེམས་ཀྱི་ཉི་ཟླའི་མྱི་ཟུར་གྱི་སྐོར་བྲོ་རི་དང་རི་མོ་རི་རྒྱལ་གོང་ཞེས་པ།

རྩོམ་པ་པོ།   པདྨ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-06-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།


        རི་དང་རི་མོ་རི་རྒྱལ་གོང་།། ཆུ་སྐྱེས་ཉི་མ་ཤར་ལས་འདྲ།། ཆུ་སྐྱེས་ཉི་མ་མེད་ལས་ལོ།། བླ་མ་བཟང་མོའི་ཞྭ་ལ་སེར།། རི་དང་རི་མོ་རི་རྒྱལ་སྐེད།། བཅོ་ལྔ་ཟླ་བ་ཤར་ལས་འདྲ།། བཅོ་ལྔ་ཟླ་བ་མེད་ལས་ལོ།། དཔོན་མོ་བཟང་མོའི་ཞྭ་ལ་པྲོག། རི་དང་རི་མོ་རི་རྒྱལ་འདབས། སྨིན་དྲུག་ཁྲ་མོ་ཤར་ལས་འདྲ།། སྨིན་དྲུག་ཁྲ་མོ་མེད་ལས་ལོ།། ཕོ་ཁུ་བཟང་མོའི་ཝ་ལ་ཞྭ།།