བདེ་ཆེན་ཁུལ་གྱིས་ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་ལྟ་ཞིབ་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ལྔ་བའི་རྟ་རྒྱུག་དུས་ཆེན་ལ་ཉེ་བའི་སྐབས་འདིར།ཁུལ་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་དང་། ཁུལ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁུལ་ཡོངས་སུ་ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།

        ཐེངས་འདིར་གཙོ་བོ་ནི་ཟས་རིགས་ཐོན་སྐྱེད་དང་བཟའ་བཏུང་། འཁོར་རྒྱུག    སྨན་རྫས་སྨན་བཅོས་དང་སྨན་བཅོས་འཕྲུལ་ཆས་བཅས་ཕྱོགས་བཞི་ལ་དམིགས་ནས་ལྟ་སྐུལ་བྱ་རྒྱུ་ཡིན་ལ།ཞིབ་བཤེར་དུས་ཚོད་ནི་ཟླ་6པའི་ཚེས་7ཉིན་ནས་ཟླ་6པའི་ཚེས་30ཉིན། དེའི་ཁྲོད་ཟས་རིགས་ཐོན་སྐྱེད་ཕྱོགས་ནས་ཤ་རིགས་དང་ཐོན་སྐྱེད་དཔང་ཡིག་ཐོབ་པའི་ཆང་དཀར་ཀྱི་ཁེ་ལས།བཟའ་བཏུང་གི་ཕྱོགས་ནས་ཡུལ་སྐོར་གཅིག་འདུས་ཚད་མཐོ་བའི་བཟའ་བཏུང་སྡེ་ཁག་དང་བོད་མིའི་སྤྲོ་ཁྱིམ་ཁང་སོགས་ཡིན།      བཟའ་བཏུང་འཁོར་རྒྱུག་ཀྱི་ཕྱོགས་ནས་གཙོ་བོ་སྒོ་རྩིས་ཚོང་ཁང་ཆེ་ཆུང་་ཁག་ཡིན་པ་རེད།སྨན་རྫས་སྨན་བཅོས་དང་སྨན་བཅོས་འཕྲུལ་ཆས་ཀྱི་ཕྱོགས་ནས་གཙོ་བོ་སྨན་ཁང་དང་སྨན་རྫས་ཐོན་སྐྱེད།    སྨན་བཅོས་འཕྲུལ་ཆས་འཁོར་རྒྱུག་ཁེ་ལས་སོགས་ཀྱི་ཐད་ཡིན་པ་རེད།

        ཟླ་6པའི་ཚེས་7ནས་ཚེས་10ཉིན་བར་ཁྲིམས་འཛིན་མི་སྣས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཤང་དབྱང་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོང་ར་དང་།རྡོ་མཁར་རྫོང་སོགས་ནས་ལྟ་སྐུལ་དོ་དམ་བྱས་ཤིང་བསྡོམས་པས་ཁྲིམས་འགལ་ཟས་རིགས་དང་སྨན་རྫས་བདེ་འཇགས་སྐོར་གྱི་གྱོད་གཞི་12རྩད་གཅོད་བྱས་པ་རེད།  དེའི་ཁྲོད་གཙོ་བོ་ཤ་རིགས་ཐོན་རྫས་དང་དུས་ཡོལ་ཟས་རིགས།ཚོང་རྟགས་མེད་པའི་ཟས་རིགས་ཡིན།