སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཅིག་བསྡུས་དྲོད་འདོན་བྱས་ནས་ཁོར་ཡུག་སྲུང་སྐྱོང་བྱེད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        

 


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གྲོང་ཁྱེར་གྱི་གཅིག་བསྡུས་དྲོད་འདོན་རྣམ་གྲངས་ནི་དམངས་འཚོ་དང་འབྲེལ་བའི་ལས་གཞི་ཡིན་པ་དང་།  ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།

        ཉེ་བའི་ལོ་འགའི་རིང་།  སེམས་ཀྱི་ཉི་ཟླས་གཅིག་བསྡུས་དྲོད་འདོན་གྱི་ལས་གཞི་བྱེད་ཤུགས་ཆེ་རུ་གཏོང་ཡོད་དེ།  གྲོང་ཁུལ་གྱི་གཞི་རྒྱ་སྨི་གྲུ་བཞི་མ་ཁྲི་300ལ་ཁྱབ་པའི་གཅིག་བསྡུས་དྲོད་འདོན་གྱི་ས་ཁུལ་ཁག་12བགོས་ནས་འཛུགས་སྐྲུན་བྱས་ཏེ།  མིག་སྔར།   ལས་གཞི་དེ་དག་ལེགས་གྲུབ་བྱུང་ཡོད་པ་དང་སྔ་ཕྱིར་འཁོར་སྐྱོད་བྱས་ཡོད་པ་རེད།

        དེ་ལྟར་བྱས་ན་འབྲི་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཞེན་པ་ལ་སྲུང་སྐྱོང་བྱེད་པ་དང་།  སྐྱེ་ཁམས་བདེ་འཇགས་སྲུང་བ།   དྲོད་ལེན་གྱིས་དབང་གིས་ནགས་ཚལ་ཐོན་ཁུངས་ལ་ཟད་གྲོན་བྱེད་པར་ཉུང་དུ་གཏོང་བ་སོགས་ལ་ཧུར་ཐག་གི་ཕན་འབྲས་བྱུང་བ་རེད།   རྣམ་གྲངས་ཀྱིས་འཁོར་སྐྱོད་བྱས་ནས་བདེ་ཆེན་གྱིས་བསྐྱར་སྐྱེས་ཐུབ་པའི་ཆུ་དང་གློག་གི་ནུས་པས་དྲོད་འདོན་ཐུབ་པ་མངོན་གྱུར་བྱུང་བ་དང་།   གངས་ལྗོངས་མཐོ་སྒང་ནུས་ཁུངས་གྲོན་ཆུང་དང་ལས་ཆོད་མཐོན་པོ།  སྦག་བཙོག་མེད་པའི་ཁོར་ཡུག་སྲུང་སྐྱོང་གི་ལམ་བུ་གསར་པར་སྐྱོད་ཡོད་པར་མཚོན་བ་རེད།