རྡོ་མཁར་རྫོང་གིས་གྲོང་ཁྱེར་རྣམ་པའི་ཆེད་དམིགས་ལེགས་སྒྲིག་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྡོ་མཁར་རྫོང་གི་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་གཙང་སྦྲ་སོགས་ཀྱི་ཐད་ལ་ཆེད་དམིགས་ལེགས་སྒྲིག་བྱས་ནས།ནན་ཏན་གྱིས་གྲོང་ཁྱེར་རྣམ་པ་དང་འགྲིམ་འགྲུལ་གོ་རིམ།ཁོར་ཡུག་གཙང་སྦྲ་སོགས་ཀྱི་ཐད་ལ་གནས་པའི་གནད་དོན་ཐག་གཅོད་བྱས།བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་པ།གང་ལེགས་སུ་གནའ་གྲོང་གི་སྲོལ་རྒྱུན་གྱི་ཁྱད་ལྡན་རྣམ་པ་སྟོན་པ།གནའ་གྲོང་གི་ཡུལ་སྐོར་དང་མི་སྡོད་ཁོར་ཡུག་མཐོ་རུ་གཏོང་ཞིང་གནའ་གྲོང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་རེད།

         དངོས་གཞིའི་ལེགས་སྒྲིག་ཁྱབ་ཁོངས་ནི་གནའ་གྲོང་གི་འགྲོ་ལམ་དང་ཁྲོམ་ར།འཇུག་སྒོ་གཙོ་བོ།བདག་གཉེར་བྱེད་ས།དམངས་སྡོད་ཀྱི་འཛུགས་སྐྲུན།   ལས་ཁུངས།ཐང་ཆེན།འཛུགས་སྐྲུན་བྱེད་ཡུལ་བཅས་ཡིན།   གནད་ཆེའི་ས་ཁུལ་ནས་རྐང་འཁོར་འཁོར་གསུམ་མ་(གློག་སྒུལ་)ལ་དུས་བཀག་གི་ཤར་བགྲོད་ལམ་ལུགས་ལག་བསྟར་བྱས་པ་དང་མོ་ཐུའོ་འཁོར་ལོ་དང་རྐང་འཁོར་(གློག་སྒུལ་)སོགས་རང་སྣང་གང་ཤར་གྱིས་བཞོན་པ་དང་བཞག་པ་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ།ཤར་བགྲོད་ཆོག་པའི་དུས་ཚོད་དུ་འཁོར་ལོ་དལ་བར་གཏོང་སྟེ།མེ་འགོག་མེ་གསོད་ཀྱི་འགྲོ་ལམ་ལ་གནོད་སྐྱོན་བྱེད་མི་ཆོག་པ་དང་།ནན་ཏན་གྱིས་ལྟ་སྐུལ་དོ་དམ་བྱེད་དེ།འགྲོ་ལམ་ནས་བདག་གཉེར་བྱེད་པ་དང་གད་སྙིགས་གང་སར་གཏོར་བ་སོགས་ཀྱི་བྱ་སྤྱོད་བཀག་བསྡོམས་བྱས་ཏེ།ཁོར་ཡུག་གི་གཙང་སྦྲ་རྒྱུན་འཁྱོངས་བྱེད།ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་སྔར་ལས་ལྷག་པར་སྲོལ་རྒྱུན་འཛུགས་སྐྲུན་དང་ཁྲོམ་རའི་རྣམ་པ།སྤྱི་ཁོག་གི་ཁྱད་ཆོས་མཐོ་རུ་གཏོང་བ།ནན་ཏན་གྱིས་འགྲིམ་འགྲུལ་གྱི་དོ་དམ་བྱ་ཐབས་སུ་བཀོད་སྒྲིག་བྱེད་པའི་མཁོ་བསྟུན་འགྲོ་ལམ་དང་འཁོར་ལོ་འཇོག་ས་སོགས་ཀྱི་སྟོན་བྱེད་བྱང་བུ་ལྟར་ལག་བསྟར་བྱེད་པ།ཧུར་ཐག་གིས་འགྲིམ་འགྲུལ་དོ་དམ་གྱི་སྐོར་ཞིབ་ལས་ཀ་བསྒྲུབས་ནས།འགྲིམ་འགྲུལ་གོ་རིམ་ལེགས་པོ་སྲུང་སྐྱོང་བྱེད་པ།མེ་འགོག་བདེ་འཇགས་འདུ་ཤེས་མཐོ་རུ་གཏོང་བ་དང་དུས་ཐོག་ཏུ་གནས་པའི་གནད་དོན་ཐག་གཅོད་བྱེད་པ།རྒྱ་ཁྱབ་ཀྱི་སྤྱི་ཚོགས་སྟོབས་ཤུགས་ལ་སྐུལ་མ་བཏང་ནས།བདེ་འཇགས་གནའ་གྲོང་མཉམ་སྐྲུན་བྱེད་པ།

         གྲོང་ཁྱེར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་གནའ་གྲོང་རུ་ཁག་འབྲིང་བས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་དུད་ཚང་དུ་ཞུགས་ནས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་སྒོ་ནས།གནའ་གྲོང་གི་ཚོང་ཁང་དང་ས་གནས་དེ་གའི་མང་ཚོགས་ལ་ཁྲིམས་སྲོལ་བྱ་ཐབས་ཀྱི་བླང་བྱ་སྒྲོག་འགྲེལ་བྱས་པ་དང་བརྡ་ཡིག་1000ལྷག་བཀྲམས་པ་རེད།