རྒྱལ་ཐང་སྐོར་བྲ་ནང་གི་འཛོམས་བྲོའི་བྲོ་ཚིག

རྩོམ་པ་པོ།   ཚེ་རིང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2018-06-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 འཛོམས་པའི་དགའ་བ་ལ་སོའུ།  འཛོམས་པའི་སྐྱིད།

གཞས་བ་དགུང་སྔོན་མཐོ་མོ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

གོང་དང་བླ་མ་རང་ཚོ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

བླ་མ་ཆོས་ར་ཐོག་ལ།  འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

ཆོས་ར་གསེར་ཤོག་ཆགས་མོ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

སྡེ་དང་དཔོན་མོ་རང་ཚོ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ།  འཛོམས་པའི་སྐྱིད།

དཔོན་མོ་རྒྱལ་ཁང་ཐོག་ལ།  འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

རྒྱལ་ཁང་དངུལ་ཤོག་ཆགས་མོ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

 འཛོམས་པའི་དགའ་བ་ལ་སོའུ།  འཛོམས་པའི་སྐྱིད།

གཞས་བ་དགུང་སྔོན་མཐོ་མོ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

གླིང་སྟོད་ཙན་དན་ཤིང་གསུམ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

ཤིང་འགོར་རྨ་བྱ་བྱ་གསུམ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

ཙན་དན་དྲི་མ་ཞིམ་བྱུང་། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

རྨ་བྱ་སྒྲོ་མདོག་མཛེས་བྱུང་།  འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

གླིང་སྐེད་ལྷ་ཤུག་ཤིང་གསུམ།  འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

ཤིང་འགོར་ནེ་ཙོ་བྱ་གསུམ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

ལྷ་ཤུག་ཚོས་ཁ་གསལ་བྱུང་། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

ནེ་ཙོ་སྒྲོ་མདོག་མཛེས་བྱུང་།  འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

གླིང་སྨད་ལྕང་དཀར་ཤིང་གསུམ།  འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

ཤིང་འགོར་ཁུ་བྱུག་བྱ་གསུམ། འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

ལྕང་དཀར་ལྕང་ཕྲན་ཐིང་བྱུང་།  འཛོམས་པའི་དགའ།

འོ་ལ་སོའུ་འཛོམས་པའི་སྐྱིད།

འཛོམས་པའི་དགའ་བ་ལ་སོའུ། འཛོམས་པའི་སྐྱིད།

ཁུ་བྱུག་གསུང་ངག་མཛེས་བྱུང་།  འཛོམས་པའི་དགའ། 

འོ་ལ་སོའུ་འཛོམས་པའི་སྐྱིད།