དངུལ་ཁང་གཱ་ཡི་ནུས་པ་འདི་ཁྱེད་ཀྱིས་ཤེས་སམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-05   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།


        ཟླ་བ་6པ་ནས་བཟུང་།དངུལ་ཁང་མཉམ་འབྲེལ་གཱ་ཡི་གསང་བའི་ཨང་རྟགས་མི་དགོས་པ་དང་མིང་རྟགས་འགོད་མི་དགོས་པར་འཛད་སྤྱོད་བྱེད་ཐེངས་གཅིག་ལ་དེ་སྔའི་སྒོར་300ནས་སྒོར་1000བར་སྤར་ཡོད་པས།སླད་ཕྱིན་གཱ་ཡི་བདག་པོས་དངུལ་ཁང་མཉམ་འབྲེལ་གཱ་སྤྱད་དེ་སྒོར་1000མན་ཆད་ཀྱི་འཛད་སྤྱོད་བྱེད་སྐབས།གསང་བའི་ཨང་རྟགས་དང་མིང་རྟགས་འགོད་མི་དགོས་པས། གཱ་དེ་བས་སྤྱོད་བདེ་རུ་ཕྱིན་ཡོད། འོན་ཀྱང་གཱ་བདག་གིས་རང་གི་བེད་སྤྱོད་གོམས་གཤིས་ལ་གཞིགས་ནས་ལས་སྒོ་འདི་གཉེར་དགོས་མིན་གདམ་ག་བྱ་ཆོག་གི་ཡོད།


        གཱ་བདག་གི་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱ་ཆེད།དངུལ་ཁང་མཉམ་འབྲེལ་རྩ་འཛུགས་ཀྱིས་ཚོང་ལས་དངུལ་ཁང་ཁག་དང་མཉམ་དུ་གཱ་བདག་ལ་ཆེད་དོན་གྱི་སྐྱིན་ཚབ་སྤྲོད་དངུལ་བཟོས་ཡོད།གཱ་བརླགས་པ་དང་གཞན་གྱིས་བརྐུས་ནས་སྤྱད་ཚེ་ཁ་གསབ་ཀྱི་ཆ་རྐྱེན་ཚང་བའི་རྨང་གཞིའི་འོག་གཱ་བདག་ལ་བརླག་ཐོ་མ་བཀོད་གོང་གི་ཆུ་ཚོད་72ཀྱི་ནང་ཚུན་བརྐུས་ནས་འཛད་སྤྱོད་བྱས་པའི་དངུལ་འབོར་སྐྱིན་གསབ་རག་རྒྱུ་རེད་འདུག


        ཀྲུང་གོ་དངུལ་ཁང་མཉམ་འབྲེལ་རྩ་འཛུགས་ཀྱི《དངུལ་ཁང་མཉམ་འབྲེལ་གཱ་ཡི་གསང་བའི་ཨང་རྟགས་མི་དགོས་པ་དང་མིང་རྟགས་འགོད་མི་དགོས་པའི་འབོར་ཉུང་ལས་སྒོའི་སྒྲིག་སྲོལ》ལ་གཞིགས་ནས།  དངུལ་ཁང་ཁག་གིས་ཉེ་དུས་ཀྱི་གཞུང་ཕྱོགས་དྲ་བའི་སྤྱི་བསྒྲགས་དང་།འཕྲིན་ཐུང་བརྡ་ཐོ་སོགས་ཀྱི་བྱེད་ཐབས་བརྒྱུད་གཱ་བདག་ལ་ཡིད་རྟོན་གཱ་ཡི་མི་དགོས་པ་གཉིས་ཀྱི་ལས་སྒོའི་འབྲེལ་ཡོད་ཆ་འཕྲིན་གསལ་བཤད་ཁ་གསལ་བྱས་ཡོད།གཱ་བདག་གིས་གལ་ཏེ་བྱེད་ནུས་དེ་གཉེར་འདོད་མེད་ཚེ་གཱ་སྤྲོད་མཁན་དངུལ་ཁང་ལ་བྱེད་ནུས་དེ་མེད་པར་བཟོ་བའི་རེ་ཞུ་བྱ་ཆོག་གི་ཡོད།