སེམས་ཀྱི་ཉི་ཟླའི་ནས་ཀྱི་མེན་པའོ།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-05-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


 


 

    ནས་ནི་མཚོ་བོད་མཐོ་སྒང་དུ་འཚོ་གནས་བྱེད་ཡོད་པའི་བོད་མིའི་གཙོ་ཟས་ཡིན་ལ།བོད་མིས་ནས་དེ་རྩམ་པ་བཟོས་ནས་ཟ་བ་དང་།དུས་རབས་ཀྱི་དར་འཕེལ་དང་ཚན་རྩལ་གྱི་ཡར་རྒྱས་ལ་བསྟུན་ནས།མི་རྣམས་ཀྱིས་ནས་དེ་རྩམ་མ་བཟོ་བ་མ་ཟད།ད་དུང་ནས་ཀྱི་སྦི་རག་དང་ནས་ཀྱི་ཀ་ར་གོ་སྲབ་སོགས་ཐོན་རྫས་སྣ་མང་སྣ་ཚོགས་གསར་གཏོད་བྱེད་འདུག

       སེམས་ཀྱི་ཉི་ཟླའི་ནས་རིགས་ཐོན་ཁུངས་གསར་གཏོད་ཚད་ཡོད་ཀུང་སི་ནི་བདེ་ཆེན་ཁུལ་གྱི་ནས་ཀྱི་ཐོན་རྫས་བཟོ་ཡོད་པའི་ཀུང་སི་ཡ་གྱལ་ཞིག་རེད།


 


 


ཟླ་5པའི་ཚེས་27ཉིན།སེམས་ཀྱི་ཉི་ཟླའི་ནས་རིགས་ཐོན་ཁུངས་གསར་གཏོད་ཚད་ཡོད་ཀུང་སིའི་ལས་བྱེད་མི་སྣ་ཚོས་འཁོར་ཁང་དུ་ནས་ཀྱི་མེན་པའོ་བཟོ་བཞིན།ཀུང་སི་འདི་ནས་ཐོན་པའི་མེན་པའོ་གཙོ་བོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་འབྲིང་དང་སློབ་ཆུང་17གྱི་སློབ་མའི་བཅུད་ཟས་སུ་མཁོ་སྤྲོད་བྱེད་པ་རེད།  



   ཉེ་སྔོན། ཀུང་སི་འདིས་གངས་ཅན་ལྗང་ཁུ་ཞེས་པའི་ཐོན་རྫས་གསར་པ་ཞིག་གསར་དུ་གཏོད་ཡོད་ལ།གངས་ཅན་ལྗང་ཁུ་ཞེས་པ་ནི་ནས་ཀྱི་མྱུ་གུ་ལས་འདོན་ལེན་བྱས་དང་འཚོ་བཅུད་སྣ་མང་བསྡུ་ཡོད་པའི་ཆུ་ནང་སྦངས་ནས་འཐུང་ཆོག་པའི་ཕྱེ་མ་ཞིག་ཡིན།

        སེམས་ཀྱི་ཉི་ཟླའི་ནས་རིགས་ཐོན་ཁུངས་གསར་གཏོད་ཚད་ཡོད་ཀུང་སི་ནི་2008ལོའི་ཟླ1པོའི་ཚེས་18ཉིན་ནས་ཐོ་འགོད་བྱས་ནས་བཙུགས་པ་དང་།ཀུང་སི་ཡིས་ནས་གཙོ་བོར་བྱས་པའི་སྐྱེ་དངོས་ཐོན་ཁུངས་ཀྱི་གསར་གཏོད་དང་།བཟོ་སྣོན།ཉོ་ཚོང་།རྩི་ཤིང་གི་ནུས་ལྡན་གྲུབ་ཆ་འདོན་ལེན།སྐྱེ་དངོས་ཀྱི་ལག་རྩལ་ཞིབ་འཇུག་དང་བེད་སྤྱོད།འདེབས་འཛུགས་དང་གསོ་སྤེལ།ཚལ་རིགས་དང་ཆུ་འདོར་ཚལ་རིགས་ཀྱི་འདེབས་འཛུགས་དང་བཟོ་སྣོན།ཉོ་ཚོང་སོགས་ལས་གཉེར་བྱེད་ཡོད་པ་རེད།