ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཐེངས་དང་པོར་བདེ་ཆེན་དུ་རྒྱུགས་ར་འཛུགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ5པའི་ཚེས་26ཉིན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐོ་རམས་པའི་འཛིན་གྲྭའི་དགེ་ལུགས་པའི་སློབ་མ་བསྡུ་བའི་རྒྱུགས་ལེན་དེ་བདེ་ཆེན་ཁུལ་ནང་བསྟན་སློབ་གླིང་གི་ཆོས་རྩོད་ཁང་དུ་སྤེལ་བ་དང་།  དེ་ནི་རྒྱུགས་ལེན་འདི་ཐེངས་དང་པོར་རང་ཁུལ་དུ་རྒྱུགས་ར་འཛུགས་པ་རེད།


        ཐེངས་འདིའི་རྒྱུགས་ལེན་དུ་ཁྱོན་བསྡོམས་གྲྭ་བ་6ཞུགས་ཡོད་པ་དང་།  ནང་བསྟན་སློབ་གླིང་གི་སློབ་མ་52ཀྱིས་ལྟ་སྦྱོང་བྱས།  ཆོས་རྩོད་དགེ་རྒན་8ཀྱིས་སྐར་མ་རྒྱབ་པ་རེད།    རྒྱུགས་ལེན་པའི་ཁྲོད་དུ་རྒྱུགས་ལེན་དུ་ཞུགས་པའི་གྲྭ་བ་6གིས་དགེ་རྒན་དང་ཛ་དྲག་ཆེ་པའི་ཆོས་རྩོད་བྱས།  རྒྱུགས་འབྲས་ནི་མཐོ་རིམ་སློབ་གླིང་གིས་གྲྭ་བའི་རྒྱུགས་འབྲས་ལྟར་ཕྱོགས་བསྡོམས་ཀྱིས་གདེང་འཇོག་བྱས་ནས་སྦྱངས་འབྲས་ལེགས་པར་འདམ་ལེན་བྱ་རྒྱུ་རེད། འདམ་ལེན་བྱས་རྗེས་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཅིག་བསྡུས་ཀྱིས་སློབ་སྦྱོང་དུ་འགྲོ་རྒྱུ།   སྦྱོང་འབྲས་དང་ཕྱོགས་བསྡོམས་སྦྱངས་འབྲས་གཉིས་ཀ་ཚད་དང་མཐུན་པ་དང་།   ཡོན་གནས་ཞིབ་བཤེར་དང་ཆོས་རྩོད་རྒྱུགས་ལེན།   དཔྱད་རྩོམ་བགྲོ་གླིང་བཅས་བརྒྱུད་པའི་གྲྭ་བ་ལ་མཐོ་རམས་པའི་ཡོན་གནས་སྤྲོད་རྒྱུ་རེད།




        ཤེས་རྟོགས་བྱུང་དོན།   དེ་སྔར་རང་ཁུལ་གྱི་མཐོ་རམས་པའི་རྒྱུགས་ལེན་དུ་ཞུགས་པའི་གྲྭ་བ་རྣམས་ཀན་སུའུ་དང་མཚོ་སྔོན།  བོད་ལྗོངས་སོགས་ས་གནས་སུ་རྒྱུགས་ལེན་འགྲོ་དགོས་པ་དང་།  ཐེངས་འདིར་རྒྱུགས་ར་འཛུགས་པ་ནི་མཐོ་རིམ་ནང་བསྟན་སློབ་གླིང་གིས་རང་ཁུལ་གྱི་ནང་བསྟན་ཆུ་ཚད་དང་སློབ་གྲྭ་འཛུགས་གཉེར་གྱི་ཆ་རྐྱེན་སོགས་ཀྱི་ཐད་ལ་ཁས་ལེན་པ་རེད།