རྒྱལ་ཐང་སྐོར་བྲོ་ཚོང་དཔོན་གསེར་རིའི་འགོ་ལ་ཞེས་པའི་ཚིག

རྩོམ་པ་པོ།   ཚེ་སྒྲོལ།  ཡིག་བསྒྱུར།       དུས་ཚོད།   2018-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

གཞས་བ་དགུང་སྔོན་མཐོ་མོ་བཞུགས་ཡཱ།

ཚོང་དཔོན་གསེར་རིའི་འགོ་ལ།

གསེར་མཚོ་སྒོར་མོ་ཁྱབ་ཡཱ།

གསེར་མཚོ་སྒོར་མོ་ནང་ལ།

གསེར་ཤིང་ལྗོན་ཆུང་འཁྲུངས་ཡཱ།

གསེར་ཤིང་ལྗོན་ཆུང་གི་འགོ་ལ།

གསེར་བྱ་མཛེས་པོ་ཆགས་ཡཱ།

གསེར་བྱ་མཛེས་པོ་ཆགས་ས།

ན་ནིང་ཨ་འཛོམས་འདྲ་ཞིག་བསམ་བྱུང་།

ན་ནིང་ཨ་འཕྲད་འདྲ་ཞིག་བསམ་བྱུང་།

ན་ནིང་མ་འཛོམས་མ་འཕྲད། 

ཨ་ལོ་ལས་ཀྱིས་འདྲ་ཞིག་འཛོམས་ཡཱ།

ཨ་ལོ་ལས་ཀྱིས་འདྲ་ཞིག་འཕྲད་ཡཱ།

འཛོམས་ས་འཕྲད་ས་གཉིས་ཀ

དགའ་བའི་ཞབས་བྲོ་རྒྱབ།

སྐྱིད་པའི་བྲོ་སྟབས་འགྲིག


ཚོང་དཔོན་དངུལ་རིའི་འགོ་ལ།

དངུལ་མཚོ་སྒོར་མོ་ཁྱབ་ཡཱ།

དངུལ་མཚོ་སྒོར་མོ་ནང་ལ།

དངུལ་ཤིང་ལྗོན་ཆུང་འཁྲུངས་ཡཱ།

དངུལ་ཤིང་ལྗོན་ཆུང་གི་འགོ་ལ།

དངུལ་བྱ་མཛེས་པོ་ཆགས་ཡཱ།

དངུལ་བྱ་མཛེས་པོ་ཆགས་ས།

ན་ནིང་ཨ་འཛོམས་འདྲ་ཞིག་བསམ་བྱུང་།

ན་ནིང་ཨ་འཕྲད་འདྲ་ཞིག་བསམ་བྱུང་།

ན་ནིང་མ་འཛོམས་མ་འཕྲད། 

ཨ་ལོ་ལས་ཀྱིས་འདྲ་ཞིག་འཛོམས་ཡཱ།

ཨ་ལོ་ལས་ཀྱིས་འདྲ་ཞིག་འཕྲད་ཡཱ།

འཛོམས་ས་འཕྲད་ས་གཉིས་ཀ

དགའ་བའི་ཞབས་བྲོ་རྒྱབ།

སྐྱིད་པའི་བྲོ་སྟབས་འགྲིག